ཁྲིམས་གཏུགས་བྱས་ནས་ཨ་སྒོར་འབུམ་གསུམ་ལྷག་ཐོབ་འདུག


2013.12.31
Minnesotaམངའ་སྡེ་གཞུང་ལམ་གྱི་ལམ་རྟགས། ཁྲིམས་གཏུགས་བྱས་ནས་ཨ་སྒོར་འབུམ་གསུམ་ལྷག་ཐོབ་འདུག
པར། WP

ཨ་མི་རི་ཀར་ཡོད་པའི་བོད་མི་གཉིས་ལ་རྒྱ་མི་སྤྱིན་བདག་གིས་མཐོང་ཆུང་ཁྱད་གསོ་བྱས་བ་ཁྲིམས་གཏུགས་བྱས་ནས་ཨ་སྒོར་འབུམ་གསུམ་ལྷག་ཐོབ་འདུག

དེ་ཡང་འདི་ག་རླུང་འཕྲིན་ཁང་གི་གནས་ཚུལ་ལྟར་ན། ཨ་མི་རི་ཀའི་མེ་ནི་སོ་ཊ་ Minnesotaམངའ་སྡེའི་ནང་རྟེན་གཞི་བྱས་པའི་New Metro Trucking Company དོལ་སྐྱེལ་རླངས་འཁོར་ཁེ་གཉེར་ལས་ཁང་གི་སྦྱིན་བདག་དང་། ལས་བྱེད་རྒྱ་རིགས་རྣམས་ཀྱིས་བོད་རིགས་ཁ་ལོ་བ་རྣམས་ལ་མཐོང་ཆུང་བརྙས་བཅོས་བྱས་པར་བརྟེན། བོད་མི་དེ་རྣམས་ཀྱིས་མ་བཟོད་པར་ས་གནས་ཁྲིམས་ཁང་ལ་ཁྲིམས་གཏུག་བྱས་ཡོད་པ་དང་། ཁྲིམས་ཁང་གིས་ཁྲིམས་གཤེར་བྱས་བ་ལྟར་བོད་མི་གཉིས་ལ་ཁྲིམས་གཏུག་གི་རྒྱལ་ཁ་ཐོབ་ནས། ཁེ་གཉེར་ཁང་དེའི་རྒྱ་རིགས་སྦྱིན་བདག་རྣམས་ནས་བོད་མི་ཁོང་ཚོར་གུན་གསབ་ཨ་སྒོར་འབུམ་གསུམ་དང་། བཞི་ཁྲི་བདུན་སྟོང་སྤྲོད་དགོས་བ་བྱུང་འདུག བོད་མི་དེ་ཚོའི་ཁྲིམས་རྩོད་པ་Kenneth Udoibok ལགས་ཀྱིས། ཁྲིམས་ཁང་བཤད་པ་ལྟར་ན། རྒྱ་རིགས་སྦྱིན་བདག་ཚོས་བོད་མི་ཁ་ལོ་བ་རྣམས་ལ་བོད་རིགས་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་རྒྱ་རིགས་ལས་བྱེད་པ་ལས་དུས་ཚོད་མང་བ་ལས་ཀ་བྱེད་བཅུག་པ་དང་། དུས་ཚོད་འཕར་མ་ལས་ཀ་བྱེད་དགོས་ཀྱང་གླ་ཆ་འཕར་མ་མ་སྤྲད་པ། བོད་རིགས་ཚོར་རྒྱ་རིགས་ལས་བྱེད་ཚོ་ལས་གླ་ཆ་ཉུང་བ་སྤྲད་པ། ལྷག་དོན་བོད་མི་ཁ་ལོ་བ་ཚོ་ཉེན་ཁ་ཆེ་བའི་གཞུང་ལམ་དུ་ལས་ཀར་གཏོང་བ་དང་། དེ་བཞིན་འགྲུལ་བཞུད་སྐབས་རྒྱ་རིགས་ཁ་ལོ་བ་ཚོར་ཟས་དོད་དང་ཁང་དོད་སོགས་ཀྱི་ཐོབ་ཐང་སྤྲོད་བཞིན་པ་བོད་རིགས་ཚོར་མ་སྤྲད་པ་སོགས་མཐོང་ཆུང་ཁྱད་གསོད་བྱས་པའི་དཔང་རྟགས་ར་སྤྲོད་དང་མཉམ་ཁྲིམས་རྩོད་ཞུ་གཏུག་བྱས་བ་ཁྲིམས་ཐོག་ནས་རྒྱལ་ཁ་ཐོབ་ཡོད་པ་ཡིན་འདུག

རྩ་བས་ཨ་མི་རི་ཀའི་ནང་ཁྲིམས་ལུགས་དབང་བསྒྱུར་ཡིན་པ་མངོན་པར་གསལ་ཡང་། དབང་སྟོབས་ལྡན་པ་ཚོས་ཉམས་ཆུང་ལས་ཀ་བར་མཐོང་ཆུང་ཁྱད་གསོ་བྱས་བའི་གནས་ཚུལ་ཡང་ཡང་ཡོང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎