བལ་ཡུལ་གྱི་ཉེན་རྟོག་པས་བོད་མི་འཛིན་བཟུང་བྱས་ཡོད་པ།

བལ་ཡུལ་ནང་བོད་མི་ཚོས་མུ་མཐུད་ནས་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་རྔམ་སྟོན་ཁྲོམ་བསྐོར་གྱི་ངོ་རྒོལ་བྱས་ཡོད་འདུག

2008.05.05

༄༅༎བལ་ཡུལ་ནང་བོད་མི་ཚོས་མུ་མཐུད་ནས་རྒྱ་ནག་གཞུང་ཚབ་མདུན་དུ་རྔམ་སྟོན་ཁྲོམ་བསྐོར་གྱི་ངོ་རྒོལ་བྱས་ཡོད་པར་བལ་ཡུལ་གྱི་ཉེན་རྟོག་སྐོར་སྲུང་བ་ཚོས། ད་རིང་བོད་མི་ ༡༢༥ ་ཙམ་འཛིན་བཟུང་བཀག་སྡོམ་བྱས་ཡོད་འདུག

རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ཞི་བའི་ངོ་རྒོལ་གྱི་གྱེན་ལངས་ལ། དྲག་གནོན་བྱས་པ་ནས་འགོ་བཙུགས་འཛམ་གླིང་ཡུལ་གྲུ་ཁག་ནང་ཡོད་པའི་བཙན་བྱོལ་བོད་མི་ཚོས་བོད་ནང་གི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེས་ཆེད།  རྒྱ་ནག་གཞུང་ལ་བོད་ནང་བོད་མི་དྲག་གནོན་གཏང་རྒྱུ་མཚམས་འཇོག་དགོས་པའི་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་བཞིན་པར་ལྟར། ངོ་རྒོལ་གྱི་ལས་འགུལ་རྣོ་ངར་ཆེ་ཤོས་ཤིག་བལ་ཡུལ་ནང་ཡོད་པའི་བོད་མི་ཚོས་སྤེལ་བཞིན་ཡོད་པ་དང་། བལ་ཡུལ་གཞུང་གིས་ཀྱང་རྒྱ་ནག་གཞུང་ལ་ངོ་སྲུང་ཆེད་དམངས་གཙོའི་རྒྱལ་ཁབ་ཀྱི་ངོ་བོ་དང་མི་མཐུན་པར་བོད་མིའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ལ། དྲག་གནོན་བྱེད་བཞིན་ཡོད་པ་དང་། དཔེར་ན་ད་རིང་གི་ངོ་རྒོལ་གྱི་ལས་འགུལ་སྐབས་སུ་མཚོན་ནའང་། བོད་མི་ངོ་རྒོལ་གནང་མཁན་གྱི་ཐོག་བལ་ཡུལ་གྱི་ཉེན་རྟོག་སྐོར་སྲུང་བས། དབྱུག་པ་ཞུས་ཏེ་ངོ་རྒོལ་གནང་མཁན་གྱི་བོད་རིགས་ཤིག་གི་མགོ་ནས་ཁྲག་ཐོན་བཞིན་ཡོད་སྐོར་ ཨེཔི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད། བལ་ཡུལ་གཞུང་གི་ཉེན་རྟོག་སྐོར་སྲུང་བས་བོད་མིའི་ངོ་རྒོལ་གནང་མཁན་ཚོ་འཛིན་བཟུང་བྱས་ཀྱི་ཡོད་ཀྱང། མཚན་མོ་བཀག་གཉར་མེད་པ་གློད་འགྲོལ་བཏང་གིས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎