ལོ་གཅིག་ནང་རྩ་ཁྲིམས་ཟིན་བྲིས་འགྲུབ་པ་བྱ་རྒྱུའི་ཞལ་བཞེས།


2014.02.11
བལ་ཡུལ་གྱི་སྲིད་བློན་གསར་པས་དམ་འབུལ་གནང་བཞིན་པ། ༢༠༡༤།༠༢།༡༠ ལོ་གཅིག་ནང་རྩ་ཁྲིམས་ཟིན་བྲིས་འགྲུབ་པ་བྱ་རྒྱུའི་ཞལ་བཞེས།
པར། AFP

བལ་ཡུལ་གྱི་སྲིད་བློན་གསར་པས་ལོ་གཅིག་ནང་ཚུད་རྩ་ཁྲིམས་ཟིན་བྲིས་འགྲུབ་པ་བྱ་རྒྱུའི་ཞལ་བཞེས་གནང་འདུག
དེ་ཡང་ཆབ་སྲིད་ཀྱི་རྩོད་རྙོག་ཁྲོད་ཁྲིམས་བཟོ་བ་ཚོས་ད་རེས་དགུང་གྲངས་༧༥ཕེབས་
པའི་བལ་ཡུལ་གྱི་ཀོང་རེ་སེ་ཚོགས་པའི་ཚོགས་གཙོ་Sushil Koiralaམཆོག་བལ་ཡུལ་གྱི་སྲིད་བློན་དུ་འོས་འདེམས་བྱུང་བ་དང་། ད་ཕན་ནར་འགྱངས་ཕྱིན་པའི་རྩ་ཁྲིམས་ཟིན་བྲིས་ལོ་གཅིག་ནང་ཚུད་ཁོང་གིས་ལེགས་གྲུབ་ཟིན་པ་གནང་ནས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱལ་ཁབ་འདིའི་འགོ་ཁྲིད་གནང་རྒྱུར་ཐུགས་རེ་གནང་ཡོད་པ་རེད། ཁོང་གིས་རྩ་ཁྲིམས་ཟིན་བྲིས་འདི་བཞིན་ཕྱོགས་འགལ་ཚོགས་པ་ཚང་མ་དང་། གྲོས་བསྡུར་མོས་མཐུན་ཡོད་པ་ཞིག་བཟོ་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད།
ང་ཚོས་རྩ་ཁྲིམས་ཟིན་བྲིས་བཟོ་བའི་བརྒྱུད་རིམ་ནང་ཕྱོགས་ཚང་མས་ཧུར་བརྩོན་དང་ཞི་བདེའི་ཐོག་མང་གཙོ་སྲུང་སྐྱོབ་བྱེད་རྒྱུའི་དགོངས་གཞི་གསུངས་ཡོད་ཅིང་། Koiralaམཆོག་ནི་དེ་སྔ་རྒྱ་གར་ནང་སློབ་སྦྱོང་གནང་མྱོང་ཡོད་པ་དང་། ཁོང་ནི་བལ་ཡུལ་གྱི་སྲིད་བློན་གནང་མཁན་Koiralaཁྱིམ་རྒྱུད་ཀྱི་མི་རབས་བཞི་པ་དེ་ཡིན་པ་དང་། ཉེ་སྔོན་ཁོང་གིས་རྒྱལ་ཁབ་སྐྱོ་པོ་འདི་ནི་བྱང་ངོས་སུ་རྒྱ་ནག་དང་ལྷོ་ངོས་སུ་རྒྱ་གར་གཉིས་ལ་བརྟེན་ནས་ཁོང་ཚོ་དང་གྲོགས་པོ་ཡག་པོ་ཞིག་བྱ་རྒྱུའི་ལས་འགན་དེ་འགྲུབ་ཐུབ་པ་བྱེད་ཀྱི་ཡིན་གསུང་ཡོད་པ་རེད།  
གསར་འགོད་པ་ཚེ་བརྟན་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎