ལྕམ་སྐུ་ཨོ་བྷ་མས་ཁྲིན་འདུར་བོད་ཟས་མཆོད་པ།


2014.03.26
ལྕམ་སྐུ་ཨོ་བྷ་མ་ཁྲིན་འདུ་གྲོང་ཁྱེར་གྱི་Zangxiang Teahouse་བོད་ཟས་ཁང་ལ་ཕེབས་བསུ། ༢༠༡༤།༣།༢༦ ལྕམ་སྐུ་ཨོ་བྷ་མ་ཁྲིན་འདུ་གྲོང་ཁྱེར་གྱི་Zangxiang Teahouse་བོད་ཟས་ཁང་ལ་ཕེབས་བསུ། ༢༠༡༤།༣།༢༦
པར། AFP

ཨ་རིའི་སྲིད་འཛིན་མཆོག་གི་སྐུ་ཟླ་ལྕམ་སྐུ་ཨོ་བྷ་མས་བོད་ཟས་མཆོད་ནས་གྲངས་ཉུང་མི་རིཊ་ལ་དོ་ཁུར་གྱི་རྣམ་པ་བསྟན་འདུག
དེ་ཡང་རྒྱ་ནག་ལ་གཟིགས་སྐོར་དུ་ཕེབས་པའི་ཨ་རིའི་སྲིད་འཛིན་གྱི་སྐུ་ཟླ་ལྕམ་Michelle Obamaམཆོག་དང་། ཁོང་གི་ཡུམ་ཆེན་དེ་བཞིན་སྲས་མོ་གཉིས་བཅས་ཀྱིས་ཚེས༢༦རེས་གཟའ་ལྷག་པའི་ཉིན། གཟིགས་སྐོར་གྱི་ཉིན་མཐའ་མར་བོད་དང་ས་འབྲེལ་བོད་མི་གང་མཚམས་ཡོད་སའི་རྒྱ་ནག་ལྷོ་ནུབ་ཀྱི་ཁྲིན་འདུ་གྲོང་ཁྱེར་རུ་ཕེབས་ཡོད་པ་དང་། ཁོང་གི་སྐུ་བཅར་ལས་བྱེད་ཞིག་གིས་གསུངས་དོན། ལྕམ་སྐུ་མོ་རང་བོད་མིར་མཇལ་འདོད་དང་། བོད་ཟས་མཆོད་འདོད་ཀྱིས་ད་ཐེངས་ཆེད་དུ་ཁྲིན་འདུ་གྲོང་ཁྱེར་གྱི་Zangxiang Teahouseཞེས་བའི་བོད་ཟས་ཟ་ཁང་ནས་ཉིན་གུང་གི་གསོལ་ཚིགས་མཆོད་ཡོད་པ་དང་། བོད་པའི་ཟ་ཁང་ནང་ཕེབས་ནས་བོད་མིར་མཇལ་འཕྲད་བྱེད་རྒྱུ་དེ་ཡང་ལྕམ་སྐུ་ཨོ་བྷ་མ་མཆོག་ནས་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཀྱི་གནད་དོན་ལ་དོ་ཁུར་བཞེས་པའི་རྣམ་པ་གསལ་འདོན་གནང་བ་ཡིན་པ་གསུངས་འདུག
གནས་ཚུལ་ནང་མུ་མཐུད་བཀོད་པར་ཨ་རིའི་སྲིད་འཛིན་མཆོག་གི་སྐུ་ཟླ་དང་སྐུ་འཁོར་བཅས་པ་ཁྲིན་འདུ་གྲོང་ཁྱེར་གྱི་བོད་ཟས་ཟ་ཁང་ནང་ཡར་མ་ཕེབས་གོང་ལྕམ་སྐུ་ཨོ་བྷ་མས་ཟ་ཁང་གི་རྒྱལ་སྒོའི་ཉེ་འགྲམ་དུ་ཡོད་པའི་མ་ཎི་འཁོར་ལོ་བསྐོར་གནང་བ་དང་། དེ་ནས་ལྕམ་སྐུ་མཆོག་དང་ཁོང་གི་མ་ཡུམ་སྲས་མོ་གཉིས་བཅས་བ་ཟ་ཁང་ནང་ཕེབས་སྐབས་སློབ་ཕྲུག་ཁག་ཅིག་གིས་བོད་ལུགས་སྲོལ་རྒྱུན་ལྟར་དཀར་འཇམ་མཇལ་དར་གྱི་ཕེབས་བསུའི་སྣེ་ལེན་ཞུས་གནང་འདུག ཨ་རིའི་སྲིད་འཛིན་མཆོག་གི་སྐུ་ཟླ་དང་སྲས་མོ་བཅས་ནས་རྒྱ་ནག་ནང་སྤྲོ་འཆམ་གྱི་མཛད་འཆར་མཐའ་མ་དེ་ཁྲིན་འདུ་གྲོང་ཁྱེར་རུ་མཇུག་བསྒྲིལ་གནང་སྟེ་རེས་གཟའ་ལྷག་པའི་དགོང་དྲོ་ཨ་རིར་ཕྱིར་ལོག་གནང་གི་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎