རྒྱ་གར་བ་ཚོས་རྒྱུན་འཁྱོངས་དགོས་གལ།
2013.10.03
༧གོང་ས་མཆོག་གིས་རྒྱ་གར་བ་ཚོས་སྐྱེས་བུ་དམ་པ་གྷན་རྡིའི་ལྟ་གྲུབ་དང་ལམ་སྟོན་བཟང་པོ་རྣམས་རྒྱུན་འཁྱོངས་ཐུབ་པ་བྱེད་གལ་ཆེ་བ་གསུངས།
ཁ་ས་ཕྱི་ཟླ་བཅུ་པའི་ཚེས་གཉིས་ཉིན་མོ་འདི་ནི་རྒྱ་གར་གྱི་སྐྱེས་བུ་དམ་པ་Mahatma Gandhi ་འཁྲུངས་སྐར་དུས་ཆེན་གྱི་ཉིན་་མོ་ཁྱད་པར་ཅན་ཞིག་ཡིན་པ་དང་། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ནས་ཀྱང་རྒྱལ་སྤྱིའི་ཁྱོན་ཡོངས་སུ་འཚེ་མེད་ཞི་བའི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གཏན་འབེབས་གནང་ནས་ལོ་འགའ་ཤས་ཕྱིན་ཡོད་པ་ལྟར་དེིའི་ཉིན་གང་སར་སྐྱེས་བུ་དམ་པ་གྷན་རྡིའི་ལྟ་གྲུབ་དང་འབྲེལ་བའི་སྐོར་བགྲོ་གླེང་གྱི་ལམ་སོགས་རྣམ་པ་འདྲ་མིན་གྱི་ཐོག་ནས་སྲུང་བརྩི་ཞུ་གི་ཡོད་པ་རེད། སྐྱེས་ཆེན་དམ་པ་་གྷན་རྡི་མཆོག་གི་ལམ་སྟོན་གནང་བའི་འཚེ་མེད་ཞི་བའི་ལྟ་གྲུབ་དང་ཆོས་ལུགས་ཚང་མར་གུས་བརྩི་ཞུ་རྒྱུའི་དགོངས་གཞི་དེར་བོད་མི་ཚོས་ཀྱང་གུས་བརྩི་དང་ཁོང་ནི་ཞི་བདེའི་དེད་དཔོན་ཞིག་ལ་ངོས་འཛིན་དང་ཆེ་ཐོངས་་ཞུ་གིན་ཡོད་པ་དང་། རྒྱ་གར་བ་ཚོས་དེ་བས་ཀྱང་སྐྱེས་བུ་དམ་པ་གྷན་རྡིའི་ལྟ་གྲུབ་ལམ་སྟོན་ད་ལྟའི་དུས་ལའང་རན་པོ་ཞིག་ཆཌ་ཀྱི་ཡོད་པར་བརྟེན་རྒྱུན་དུ་ཁོང་གི་ལམ་སྟོན་འོག་ལས་དོན་སྤེལ་ཐུབ་པ་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་དུས་ཚིགས་ཁྱད་པར་ཅན་དེ་དང་བསྟུན་༧གོང་ས་མཆོག་གིས་བཀའ་སློབ་དེ་ལྟར་བསྩལ་འདུག།