ཉི་ཧོང་དུ་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་བྱས་པ།

ཉི་ཧོང་དུ་བོད་སྐོར་གྱི་འགྲེམས་སྟོན་འགོ་བཙུགས་བྱས་པར་བོད་དོན་རྒྱབ་སྐྱོབ་བ་ཚོས་ངོ་རྒོལ་བྱས་ཡོད་པའི་གནས་ཚུལ།

2009.12.19

༄༅༎ཉེ་ལམ་ཕྱི་ཟླ་དགུ་པའི་ཚེས་བཅུ་དགུ་ནས་བཟུང་ཉི་ཧོང་གྱི་རྒྱལ་ས་ཊོཀ་ཡོའི་ཡུནོ་རོ་ཡལ་འགྲེམས་སྟོན་ཁང་དུ།འཛམ་གླིང་མཐོ་སྒང་གི་ནོར་རྫས་ཞེས་བོད་སྐོར་གྱི་འགྲེམས་སྟོན་ཞིག་འགོ་འཛུགས་བྱས་ཡོད་པ་དེ་འགྲེམས་སྟོན་ཕྱོགས་ལྷུང་ཅན་ཞིག་ཡིན་པར་ཉི་ཧོང་ནང་གི་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་གནང་བཞིན་འདུག
ཉི་ཧོང་གི་ཀེའོ་ཌོ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན།གོང་ཞུས་བོད་སྐོར་གྱི་འགྲེམས་སྟོན་དེ་གཞུང་འབྲེལ་ཐོག་ནས་གོ་སྒྲིག་བྱེད་མཁན་གྱི་གྲས་སུ།རྒྱ་ནག་གི་གནའ་ཤུལ་རིག་གནས་འཛིན་སྐྱོང་ཁང་དང་།རྒྱ་ནག་གཞུང་ཚབ་ཁང་གཉིས་ཡོད་པ་རེད།འགྲེམས་སྟོན་དེ་འགོ་འཛུགས་བྱས་པ་ནས་བཟུང་ཆར་ཅན་གཟའ་མཇུག་ཡིན་རེ་མ་བཞིན་ནས་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་འགྲེམས་སྟོན་ཁང་དེའི་མདུན་དུ་ངོ་རྒོལ་བསྟུད་མར་གནང་བཞིན་ཡོད་པ་དང༌།ངོ་རྒོལ་གནང་མཁན་ཚོས་བོད་སྐོར་གྱི་འགྲེམས་སྟོན་དེ་བཞིན་རྒྱ་ནག་གིས་བོད་ཀྱི་རྒྱལ་རབ་ལོ་རྒྱུས་འཁྱོག་བཤད་བྱས་ཡོད་པའི་སྐྱོན་བརྗོད་གནང་འདུག
དེ་བཞིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཅིག་ཐེ་པའི་དེ་མིན་སྒེར་དང་ཚོགས་པ་མང་པོ་ཞིག་ནས་འགྲེམས་སྟོན་ཁང་དེར་ངོ་རྒོལ་གྱི་སྙན་ཞུ་ཁག་༣༠༠ཙམ་ཞིག་འབྱོར་ཡོད་པ་དང༌། སྙན་ཞུ་དེ་ཚོའི་ནང་འགྲེམས་སྟོན་ཁང་དེ་ནས་ཕྱོགས་ལྷུང་མེད་པའི་བོད་སྐོར་གྱི་འགྲེམས་སྟོན་ཞིག་གོ་སྒྲིག་གནང་དགོས་རྒྱུའི་འབོད་སྐུལ་ཞུས་ཡོད་པ་རེད།  བདུན་རེའི་གཟའ་མཇུག་སྐབས་འགྲེམས་སྟོན་ཁང་གི་ཕྱི་ལ་ངོ་རྒོལ་གནང་མཁན་དོན་གཉེར་བ་ཚོས་བོད་ཀྱི་དངོས་ཡོད་རྒྱལ་རབ་ལོ་རྒྱུས་སྐོར་འགྲེལ་བཤད་དང་འབྲེལ་ད་ལྟ་འགྲོ་བཞིན་པའི་བོད་མཐོ་སྒང་གི་ནོར་རྫས་ཞེས་པའི་འགྲེམས་སྟོན་དེ་དྲང་བདེན་ཞིག་མིན་པའི་གཏམ་བཤད་ཀྱང་གནང་ཡོད་པ་རེད།
བཙན་བྱོལ་བོད་གཞུང་གི་ཉི་ཧོང་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ཀྱིས་དོན་གཅོད་ཁང་གི་དྲ་རྒྱའི་ཐོག་ཡུ་ནོ་འགྲེམས་སྟོན་ཁང་དུ་ཚུགས་པའི་བོད་སྐོར་གྱི་འགྲེམས་སྟོན་དེས།བོད་ཀྱི་དངོས་ཡོད་གནས་ཚུལ་དང་ལོ་རྒྱུས་གཉིས་ཀ་གསལ་སྟོན་བྱེད་ཀྱི་མེད་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎