མཇར་མན་རྒྱལ་ཡོངས་ལ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས།
2014.03.13

མཇར་མན་རྒྱལ་ཡོངས་ལ་བོད་ཀྱི་རྒྱལ་དར་བསྒྲེངས་བཙུགས་ཀྱིས་བོད་དོན་རྒྱབ་སྐྱོར་རྣམ་པ་ཤུགས་ཆེ་བསྟན་གནང་འདུག
དེ་ཡང་ཚེས༡༠ཉིན་འཇར་མན་ནེའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་། གྲོང་སྡེ། རྫོང་སོགས་ས་གནས་ཁག་༡༠༠༠བརྒལ་བའི་ཁང་པ་དང་། སྒེའུ་ཁུང་སོགས་སུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་ནས་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་བསྟན་ཡོད་པ་དང་། དེ་བཞིན་ཕྱི་ཚེས་༡༠ཉིན་རྒྱ་གར་གྱི་Uttarམངའ་སྡེའི་ནང་རྟེན་གཞི་བྱེད་པའི་འཕགས་བོད་འབྲེལ་མཐུད་མཐུན་ཚོགས་ཀྱིས་རྒྱ་དཀར་ནག་གི་འབྲེལ་ལམ་ནང་བོད་ཀྱི་འཐབ་བྱུས་ཀྱི་རང་བཞིན་ཞེས་པའི་བརྗོད་གཞིའི་སྒོ་ནས་བགྲོ་གླེང་གནང་སྐབས་གྷན་རྡི་ཞི་བདེ་ཚོགས་པའི་དྲུང་ཆེ་Surendr Kumar ལགས་དང་། རྒྱུན་རིང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་Chitrakootདབང་པོ་སྐྱོན་ཅན་གཙུག་ལག་སློབ་གྲ་ཆེན་མོའི་གཙོ་འཛིན་གཞོན་པ་Dr.K.B.Pandey ལགས་ཀྱིས་བོད་ཀྱི་དཀའ་རྙོག་ཞི་བའི་ཐབས་ལམ་ནས་སེལ་ཐབས་སུ་རྒྱ་གར་གཞུང་གིས་འབད་བརྩོན་གནང་དགོས་པའི་ནན་སྐུལ་ཞུས་འདུག ད་དུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་རིགས་ཚང་མར་འཚེ་མེད་ཞི་བའི་ལམ་སྟོན་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་ཐོག་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་༧གོང་ས་མཆོག་གིས་བཏོན་གནང་མཛད་པའི་དབུ་མའི་ལམ་ལ་རྒྱ་གར་གཞུང་གིས་ངེས་པར་དུ་རྒྱབ་སྐྱོར་གནང་དགོས་པ་གསུང་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།