སྲིད་འཛིན་རྣམ་གཉིས་ཀྱིས་བོད་དོན་གླེང་རྒྱུའི་རེ་འདུན་བཏོན་འདུག
2014.03.27

ཧྥ་རན་སིའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕུན་དང་མཉམ་བོད་དོན་གླེང་དགོས་བ་ཡུལ་དེའི་སྲིད་འཛིན་ལ་རེ་འདུན་བཏོན་འདུག
དེ་ཡང་གནས་ཚུལལྟར་ན། ཧྥ་རན་སིའི་གྲོས་ཚོཊ་ཀྱི་འཐུས་མི་རྣམས་ཀྱིས་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་སེམས་འཚབ་ཡོད་པའི་རྣམ་པ་ཤུཊ་ཆེ་སྟོན་གནང་བ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕུན་ཧྥ་རན་སི་ནང་མ་ཕེབས་པའི་གོང་ལ་ཧྥ་རན་སིའི་གྲོས་ཚོཌ་འཐུས་མི་ཇིན་པེ་ཌིག་གྷེ་ལི་མཆོག་དང་། ནོཡིལ་མ་མ་རེ་རྣམ་གཉིས་ཀྱིས་ཕ་རན་སིའི་སྲིད་འཛིན་ཨོ་ལན་ཌི་མཆོག་ལ་རྒྱ་ནག་དང་ཚོང་འབྲེལ་ཡར་རྒྱས་གཏོང་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་བློས་གཏོང་རྒྱུ་མེད་ལ་བློས་བཏང་ན་འགྲིག་ཐབས་མེད་ཅེས་དང་། སྲིད་འཛིན་རྣམ་གཉིས་མཇལ་འཕྲད་གནང་སྐབས་བོད་ནང་གི་རྒྱ་མིའི་དཔོན་རིགས་ཚོས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་གླེང་རྒྱུའི་རེ་འདུན་བཏོན་འདུག
ཉེ་དུས་གཞུང་འབྲེལ་མ་ཡིན་པའི་ཚོཌ་པ་ཁག་གིས་ཧྥ་རན་སིའི་མི་མང་གི་བསམ་ཚུལ་བསྡུ་ལེན་བྱེད་སྐབས་མི་མང་བརྒྱ་༧༨་ནས་ཡུལ་དེའི་སྲིད་འཛིན་མཆོག་གིས་རྒྱ་ནག་གི་སྲིད་འཛིན་དང་མཇལ་འཕྲད་སྐབས་བོད་ནང་གི་གནས་སྟངས་ཐོག་ཕ་རན་སིའི་གཞུང་ལ་སེམས་འཚབ་ཡོད་སྐོར་གསལ་སྟོན་གནང་དགོས་པའི་རེ་འདུན་བཏོན་ཡོད་པ་དང་། བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གི་དམ་བསྒྲཊ་ཆེ་བའི་སྲིད་ཇུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་ཐོག་སེམས་འཚབ་ཧ་ཅང་ཆེན་པོ་ཡོད། བོད་མི་ཚོས་རྒྱ་ནག་གཞུང་གི་སྲིད་ཇུས་ལ་འཚེ་མེད་ཞི་བའི་ལམ་ནས་བློས་གཏོང་ཆེན་པོ་གནང་དང་གནང་བཞིན་པ་དེ་ནི་ཡ་ང་བ་ཞིག་ཡིན། ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་བདུན་ཕྲག་འགའ་ཤས་སྔོན་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་བ་ལྟར། ཧྥ་རན་སིའི་སྲིད་འཛིན་མཆོག་ནས་ཀྱང་༧ཏཱ་ལའི་བླ་མ་མཆོག་རྒྱལ་སྤྱིའི་ཆོས་ཕྱོཊ་དང་རིག་གཞུང་གི་དབུ་ཁྲིད་གྲཊ་ཅན་ཞིག་ཡིན་པའི་ངོས་འཛིན་ཞུས་ནས་གཞུང་འབྲེལ་གདན་ཞུ་དགོས་པའི་རེ་འདུན་སོཊ་བཏོན་གནང་ཡོད་འདུག
དེ་ཐེངས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕུན་ཧྥ་རན་སིའི་ནང་གཟིཊ་སྐོར་ཉིན་གཉིས་པའི་སྐབས་ཡུལ་གྲུ་གཉིས་བར་ཨ་སྒོར་ཐེར་འབུམ་༢༥་གནས་པའི་ཚོང་འབྲེལ་བྱ་རྒྱུའི་གྲོས་མཐུན་བཞག་འདུག
གསར་འགོད་པ་བསོད་ནམ་ལྷ་མོ།