༄༅། །ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་George W Bush མཆོག་བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་རྒྱུན་གཏན་གྱི་སྐུ་གཟུགས་རྟག་དཔྱད་གནང་བའི་སྐབས། སྨན་པས་སྙིང་རྩའི་ནང་ཁྲག་གི་རྒྱུགས་སྟངས་དགག་ཡོད་ལུགས་ཞུས་ཡོད་སྟབས། གཟའ་མིག་དམར་ཉིན་གཤག་བཅོས་གནང་ནས་ལམ་ལྷོང་ལྡན་པ་བྱུང་ཡོད་པར་༧གོང་ས་མཆོག་ནས་དགའ་བསུའི་འཚམས་འདྲི་བསྩལ་འདུག དེ་ཡང་༧གོང་ས་མཆོག་གི་དྲ་གནས་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སྲིད་འཛིན་ཟུར་པ་བྷུ་ཤ་མཆོག་གི་གཤག་བཅོས་ལམ་ལྷོང་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བ་དང་། ཐུགས་བློ་བདེ་པོ་བྱུང་སྐོར་བཀའ་གནང་ཡོད་པས་མ་ཟད། གང་མྱུར་སྐུ་ཁམས་དྭངས་སྐྱེད་ཡོང་བའི་སྨོན་འདུན་གནང་གི་ཡོད་ཅེས་ལ་དྭགས་ནས་འཚམས་འཕྲིན་གནང་བའི་ནང་འཁོད་ཡོད་འདུག
ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་George W Bush མཆོག་གི་སྲིད་འཛིན་གནང་བའི་སྐབས་སུ་ཨ་རིའི་གྲོས་ཚོགས་ནས་ཞི་བདེའི་གཟེངས་རྟགས་མཐོ་ཤོས་Gold Medal ཞེས་གསེར་གྱི་རྟགས་མ་དེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་བའི་མཛད་སྒོའི་ཐོག་སྲིད་འཛིན་མཆོག་དངོས་སུ་མཛད་སྒོར་མཉམ་ཞུགས་གནང་ནས་ཆེ་བསྟོད་ཆེན་པོ་ཞུས་གནང་ཡོིད་པ་དང་། ཁོང་གི་ཡབ་སྲིད་འཛིན་ Goerge H Bush མཆོག་གིས་ཀྱང་སྲིད་འཛིན་གནང་རྒྱུན་རིང་ཨ་མི་རི་ཀར་བོད་མི་ཆིག་སྟོང་ཐམ་པ་གཞིས་ཆགས་སུ་བཞེས་ཡོད་པ་བཅས་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་ཉེ་འདྲིས་ཆེན་པོ་ཡོད་མཁན་ཞིག་ཡིན་པ་རེད།།