མཉམ་འབྲེལ་རྒྱལ་ཚོཌ་ཀྱིས་རྒྱ་ནག་ལ་བོད་དོན་སྐུལ་མ།

རྒྱ་ནག་གཞུང་གིས་བསམ་ཤེས་བྱས་ཏེ་བོད་མིའི་དཀའ་ངལ་ཁག་ཛ་དྲག་སྒོས་འཕྲལ་དུ་སེལ་ཐབས་དགོས་བ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོཌ་ཀྱིས་སྐུལ་མ་གནང་འདུག

2012.12.03

དེ་ཡང་The Times of India ལ་གནས་ཚུལ་ཐོན་གསལ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་འཛིན་ལྕམ་ Navi Pillayམཆོག་གིས་བོད་མིས་རང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་དོན་དུ་གཉེར་སྐབས་རྒྱ་ནག་གཞུང་གིས་ཁོང་ཚོ་འཛིན་བཟུང་བཀག་ཉར་བྱས་པ་དང་། གར་སོང་ཆ་མེད་དུ་འགྱུར་བ་མ་ཟད་། ཞི་རྒོལ་གནང་མཁན་བོད་མིའི་ཐོག་ཐལ་ཆ་ཆེ་བའི་དྲག་ཤུཌ་བེད་སྤྱོད་གཏོང་བཞིན་པ་དང་། བོད་མིའི་ཆོས་དང་རིག་གཞུང་གི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཚབས་ཆེ་གཏོང་མུས་ཡིན་སྐོར་གསལ་བསྟོན་གནང་ཐོག། དགུང་གྲངས་༡༧་ལ་ཕེབས་པ་བོད་པའི་བོུ་འཇིཌ་མེད་སྒྲོལ་མ་ལཌ་ཀྱིས་བོད་མིར་རང་དབང་དགོས་པ་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་ཡིག་ཆ་དཀྲམ་པའི་ཉེས་མིང་འོག་རྒྱ་མིའི་ཉེན་རྟོག་པས་བོུ་དེར་ཉེས་རྡུང་ཚད་མེད་བཏང་བ་མ་ཟད་། ལོ་གསུམ་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད་། དེ་དང་མཚུངས་པར་བོད་མི་ཚོས་རང་དབང་ཆེད་རྩོམ་བྲིས་བྲིས་པ་དང་། གློག་བརྙན་བཟོས་བ།  བོད་ནང་གི་དོན་རྐྱེན་དང་འབྲེལ་བའི་པར་རིགས་གནས་ཚུལ་ཕྱིར་གཏོང་བྱས་པ་སོཌ་ལ་རྒྱ་གཞུང་གིས་ལོ་བཞི་ནས་བདུན་བར་སོཌ་དུས་བཀག་འདྲ་མིན་གྱི་བཙོན་འཇུག་ཁྲིམས་ཆད་གཅོད་མུས་ཡིན་པ་རེད་ཅེས་དང་། ཡང་ལྕམ་Navi Pillay མཆོག་གིས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་ལ་དྲང་བདེན་གྱི་ཁྲིམས་ཐག་གཅོད་ཀྱི་ཡོད་མིན་དང་། བཀག་ཉར་འོག་ཡོད་པའི་བོད་མི་རྣམས་ལ་མནར་གཅོད་ཇི་འདྲ་གཏོང་གི་ཡོད་མེད་ཐོག་ང་ཚོར་སེམས་འཚབ་ཧ་ཅང་ཆེན་པོ་ཡོང་གི་འདུག ངས་གནད་དོན་དེ་དག་སྐོར་རྒྱ་ནག་གཞུང་གི་མཉམ་དུ་ཐེངས་མ་འགའ་ཤས་སྐད་ཆ་བཤད་པ་ཡིན། འོན་ཀྱང་ད་དུང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་རྒྱ་གཞུང་གིས་ལས་ཀ་བྱ་རྒྱུ་མང་བ་ཡོད་པས་རྒྱ་གཞུང་གིས་རང་གི་གཞི་རྩའི་ཐོབ་ཐང་ཆེད་ཞི་རྒོལ་གནང་མཁན་བོད་རྣམས་མགྱོཌ་མྱུར་གློད་བཀྲོལ་གཏོང་དགོས་སྐོར་ངས་འབོད་སྐུལ་ཞུ་རྒྱུ་དང་། བོད་མི་ཚོས་རང་ལུས་མེར་སྲེག་གིས་མཚོན་པས་འུ་ཐུག་ཐབས་ཟད་དང་ཐལ་ཆ་ཆེ་བའི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་བོད་མི་ཚོས་སེམས་ནང་དངངས་སྐྲག་དང་དཀའ་ངལ་འོག་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་དེ་རིགས་སྤེལ་དགོས་ཐུག་པའི་གནས་སྟངས་ལ་ངས་བསམ་ཤེས་ཐུབ་ཀྱི་འདུག ཡིན་ཡང་རང་གི་མངོན་འདོད་ཕྱིར་འདོན་རྒྱུའི་ཐབས་ལམ་གཞན་ཡང་ཡོད་། རྒྱ་ནག་གཞུང་ནས་ཀྱང་དེའི་ཐོག་བསམ་ཤེས་བྱས་ཏེ་བོད་མི་མང་ལ་འཁོན་ལན་མེད་པར་སྨྲ་བརྗོད་རང་དབང་སྤྲོད་དགོས་ལ་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་གཞུང་ལ་ཛ་དྲག་གི་གནས་སྟངས་འདི་ཞི་འཇམ་ཡོངས་ཐབས་སུ་བོད་ནང་རྒྱལ་སྤྱིའི་རང་དབང་ཅན་གྱི་རྟོག་ཞིབ་པ་དང་གསར་འགོད་པ་ཆེད་གཏོང་གིས་ས་གནས་ས་ཐོག་གི་གནས་སྟངས་ངོ་མ་ཤེས་ཐབས་ཆེད་རྒྱབ་སྐྱོར་གནང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་ཡི་ཡོད་ཅེས་གསུངས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎