བོད་དོན་སྐུ་ཚབ་བསྐོ་བཞག་ལ་རྒྱ་ནག་གིས་ངོ་རྒོལ་བྱས་འདུག


2014.02.24
ཨ་རིས་གསར་དུ་བསྐོ་བཞག་གནང་བའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་Dr. Sarah Sewallམཆོག་༧གོང་ས་མཆོག་དང་མཇལ་འཕྲད་སྐབས། ༢༠༡༤།༢།༢༡ ཨ་རིས་གསར་དུ་བསྐོ་བཞག་གནང་བའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་Dr. Sarah Sewallམཆོག་གིས་༧གོང་ས་མཆོག་དང་མཇལ་འཕྲད་
པར། ཨ་རིའི་དོན་གཅོད།

ཨ་རི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་འཐུད་སྐུ་ཚབ་གསར་དུ་བསྐོ་བཞག་གནང་བར་རྒྱ་ནག་གཞུང་གིས་ངོ་རྒོལ་བྱས་འདུག
དེ་ཡང་གཟའ་ཟླ་བའི་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས། ཨ་རི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་འཐུད་སྐུ་ཚབ་ཅེས་པ་བསྐོ་བཞག་བྱས་པ་དེ་རྒྱ་ནག་གཞུང་གིས་ངོས་ལེན་རྩ་བ་ནས་བྱེད་ཐབས་མེད་པ་དང་། དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ཡིན་ཞིང་། ཕྱི་རྒྱལ་ཡུལ་གྲུ་ཁག་གིས་བོད་ཀྱི་གནད་དོན་ཟེར་བ་བཏོན་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱ་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་གསར་འགོད་ལྷན་ཚོགས་ཐོག་འགྲེལ་བརྗོད་བྱས་ཡོད་འདུག
ཚེས་༢༡ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་བ་མ་ཟད། རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་འོག་བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གམ་ཁོང་གི་སྐུ་ཚབ་དབར་གྲོས་མོལ་སླར་གསོ་ཡོང་རྒྱུའི་འབོད་སྐུལ་གནང་ཡོད་ཅིང་། རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་ལྷན་དུ་གྲོས་མོལ་ཞུ་རྒྱུར་ཨ་རི་གཞུང་གིས་སྐུལ་མ་གནང་རྒྱུའི་ཆེད་ཨ་རི་ཕྱི་སྲིད་དྲུང་ཆེ་ཇོན་ ཁེ་རོས་མཆོག་ནས་ཨ་རིའི་ཕྱི་སྲིད་ལས་ཁང་གི་དཔོན་རིགས་Sarah Sewallམཆོག་བོད་དོན་དམིགས་བསལ་འབྲེལ་འཐུད་སྐུ་ཚབ་ཏུ་བསྐོ་བཞག་གནང་ཡོད་པ་རེད།
གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎