དྲག་གནོན་བྱས་རྐྱེན་རང་བསྲེགས་མཁན་ཇེ་མང་ལ་འགྲོ་བཞིན་པ།

རྒྱ་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱེད་ཤུཌ་ཆེ་རུ་གཏོང་བཞིན་པའི་རྐྱེན་གྱིས་བོད་ནང་རང་ལུས་མེར་བསྲེགས་ནས་ངོ་རྒོལ་རྔམ་སྟོན་བྱ་རྒྱུའི་བློ་སྟོབས་བསྐྱེད་བཞིན་པ་བརྗོད་འདུག

དེ་ཡང་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་ལྕམ་Mary Beth Markey ལཌ་ཀྱིས་བསྒྲཌ་གཏམ་ཞིག་སྤེལ་བའི་ནང་། རེས་གཟའ་ཕུར་བུའི་ཉིན་ནས་བཟུང་བོད་ཤར་ཕྱོཌ་མཚོ་སྔོན་ཞིང་ཆེན་ནང་བོད་མི་གཉིས་དང་ཁྱིམ་མཚེས་ཞིང་ཆེན་ཀན་སུའི་ནང་བོད་མི་གཅིག་བཅས་བོད་མི་གསུམ་གྱིས་རང་ལུས་མེར་བསྲེཌ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་གནང་ཡོད་པ་མ་ཟད་། བོད་ནང་རང་ལུས་མེར་བསྲེཌ་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས།  རྒྱ་གཞུང་གིས་བོད་མིའི་ཐོག་དྲག་གནོན་དང་། གཉའ་གནོན་ཤུཌ་ཇེ་ཆེར་གཏོང་བཞིན་པས་ རང་ལུས་མེར་བསྲེགས་ནས་ངོ་རྒོལ་རྔམ་སྟོན་བྱ་རྒྱུའི་བློ་སྟོབས་བསྐྱེད་བཞིན་པ་དང་། ད་དུང་ཡང་བོད་མི་མང་པོས་རང་གི་ལུས་མེར་བསྲེཌ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་རྒྱུའི་གྲ་སྒྲིག་ཨང་སར་ཡོད་པ་ང་ཚོ་ཚང་མས་ངོས་ལེན་ཡོད་སྐོར་གསུངས་འདུག

ཡང་ཨ་མདོ་རེབ་གོང་ཁུལ་གྱི་རྒྱ་མིའི་དཔོན་རིགས་ཚོས་རང་ལུས་མེར་བསྲེཌ་གཏོང་མཁན་ཚོའི་ནང་མིའི་སར་སེམས་གསོ་གཏོང་བར་འགྲོ་མི་དགོས་པའི་སྐོར་བོད་མི་གཞན་ཚོར་བཙན་བཀའ་བཏང་བ་མ་ཟད་། དགེ་འདུན་པ་རྣམས་ཀྱིས་ཁོང་རྣམས་ཀྱི་ཆེད་བསྔོ་སྨོན་གསོལ་འདེབས་གནང་མི་དགོས་པ་དང་། གལ་ཏེ་གནང་པ་ཡིན་ན་དགོན་པ་སྒོ་རྒྱབ་རྒྱུ་དང་རང་ལུས་མེར་བསྲེཌ་གནང་མཁན་གྱི་ནང་མི་ཚོར་ཉེས་ཆད་གཏོང་རྒྱུའི་སྔོན་བརྡ་ཡང་བཏང་འདུག བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་གནང་དོན་གཙོ་བོ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་ཐོག་དྲག་གནོན་བྱེད་བཞིན་པ་དང་། རྒྱ་ཧན་མི་རིགས་ཕོན་ཆེ་བོད་ནང་གནས་སྤོའམ་གཞི་སྤོ་བྱེད་བཞིན་པའི་རྐྱེན་གྱིས་བོད་ཀྱི་རིག་གཞུང་ཉམས་རྒུད་འགྲོ་བཞིན་པས་ཡིན་པ་རེད། རང་ལུས་མེར་བསྲེཌ་གནང་མཁན་མང་ཆེ་བ་ཨ་མདོ་རྔ་པ་ཀིརྟི་དགོན་པའི་ཉེ་ཁུལ་དུ་བྱུང་ཡོད་སྟབས་ རེས་གཟའ་སྤེན་པའི་ཉིན་ས་གནས་རྒྱ་ནག་དམར་ཤོག་ཚོཌ་པའི་འགོ་ཁྲིད་Wang Donming ཟེར་བས་རྔ་པ་ཁུལ་དུ་དྲག་གནོན་བྱེད་ཤུཌ་ཆེ་རུ་གཏོང་དགོས་སྐོར་གཏམ་བཤད་འཁོད་པ་ཞིག་ཞིང་ཆེན་དེའི་གཞུང་འབྲེལ་དྲ་རྒྱའི་ཐོག་བཀོད་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org