ཨ་རིའི་ནང་མེ་སྐྱོན་གྱི་གནོད་ཐེབས་ས་ཁུལ་ལ་བོད་མི་ཚོས་རོགས་རམ་གནང་འདུག


2018.11.26
ཨ་རིའི་བྱང་ཀེལ་ལི་ཧྥོར་ཎི་ཡའི་ནང་མེ་སྐྱོན་བྱུང་ཁུལ་གྱི་དུ་སྤྲིན། ༢༠༡༨།༡༡།༨ ཨ་རིའི་བྱང་ཀེལ་ལི་ཧྥོར་ཎི་ཡའི་ནང་མེ་སྐྱོན་བྱུང་ཁུལ་གྱི་དུ་སྤྲིན། ༢༠༡༨།༡༡།༨
Lhuboom/RFA

ཨ་རིའི་བྱང་ཀེལ་ལི་ཧྥོར་ཎི་ཡའི་ནང་མེ་སྐྱོན་གྱི་གནོད་ཐེབས་ས་ཁུལ་ལ་བོད་མི་ཚོས་དཔལ་འབྱོར་གྱི་རོགས་རམ་གནང་འདུག
ཨ་རིའི་བྱང་ཀེལ་ལི་ཧྥོར་ཎི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པས་ཁུལ་དེའི་(Butte)ས་ཁུལ་དུ་ཤིང་ནགས་ལ་མེ་སྐྱོན་ཤུགས་ཆེ་བྱུང་ནས་མི་རྒྱུ་གཉིས་ལ་གོད་ཆགས་ཚབས་ཆེ་ཕོག་པའི་རྗེས་ཤུལ་ནང་མི་རྣམས་ཀྱི་ཆེད་དུ་ཨ་སྒོར་བདུན་སྟོང་གཉིས་བརྒྱ་གསུམ་བཅུ་སོ་དྲུག་བསྡུ་རུབ་གནང་སྟེ་ས་གནས་གྲོང་ཁྱེར་སྤྱི་ཁྱབ་མཆོག་ལ་ཕུལ་བར་(Richmond) གྲོང་ཁྱེར་སྤྱི་ཁྱབ་པས་མངགས་བརྗོད་གནང་འདུག
དེ་ཡང་ཨ་རིའི་བྱང་ཀེལ་ལི་ཧྥོར་ཎི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་རྣམས་དང་། དྭང་བླངས་བ་མི་གྲངས་ཉི་ཤུ་ཙམ་ནས་སྤྱི་ཁང་གི་སྟབས་བདེའི་ཇ་ཁང་ནང་དཔལ་འབྱོར་བསྡུ་རུབ་ཆེད་ཞལ་ལག་ཚོང་བའི་ལས་འགུལ་ཞིག་སྤེལ་བར་བོད་རིགས་བརྒྱ་ལྷག་གིས་ཞལ་འདེབས་ཕུལ་བ་དང་། ཞལ་ལག་ཉོས་པ་སོགས་གནང་སྟེ་དཔལ་འབྱོར་བསྡུ་རུབ་གནང་འདུག་ལ་ཕྱི་དྲོ་ཚོུད་གཉིས་ཙམ་རིང་མེ་སྐྱོན་རྐྱེན་པས་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་མྱ་ངན་གུས་འདུད་དང་མཆོད་འབུལ་སྨོན་ལམ་ཚོགས་གནང་འདུག
དཔལ་འབྱོར་བསྡུ་རུབ་ཀྱི་མཇུག་བསྡོམས་མཛད་སྒོའི་ཐོག་བྱང་ཀེལ་ལི་ཧྥོར་ཎི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་ལས་འགུལ་དེའི་ཐོག་མཉམ་བཞུགས་གནང་མཁན་དང་། སྐུ་ངལ་འཛེམས་མེད་ཀྱིས་དྭང་བླངས་ཞབས་ཞུ་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞེས་ཞུས་གནང་འདུག
དེ་བཞིན་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་རྣམས་ནས་དཔལ་འབྱོར་བསྡུ་རུབ་ཀྱི་ལས་འགུལ་ནས་བྱུང་བའི་དངུལ་བརྒྱ་ཆ་བརྒྱ་ཉེ་ཆར་མེ་སྐྱོན་གྱིས་གནོད་འཚེ་ཕོག་མཁན་རྣམས་ཀྱི་ཆེད་དུ་གྲོང་ཁྱེར་སྤྱི་ཁྱབ་པ་(Tom Butt) ལགས་ཀྱི་ལས་ཁུངས་སུ་ཕུལ་རྒྱུའི་ཐག་ཆོད་གནང་ཡོད་པ་ལྟར། བྱང་ཀེལ་ལི་ཧྥོར་ཎི་ཡའི་(Richmond) གྲོང་ཁྱེར་སྤྱི་ཁྱབ་པ་(Tom Butt) ལགས་ཀྱིས་མེ་སྐྱོན་གྱི་དོ་ཕོག་བྱུང་བ་རྣམས་ཀྱི་ཆེད་དུ་བོད་མི་ཚོས་དཔལ་འབྱོར་བསྡུ་རུབ་གནང་བར་བསྔགས་བརྗོད་གནང་ནས་ས་ཁུལ་དེར་གནས་སྡོད་གནང་མཁན་བོད་མི་རྣམས་ཀྱིས་མེ་སྐྱོན་གནོད་འཚེའི་ཁྲོད་་དཀའ་ངལ་ཆེན་པོ་འཕྲད་པ་རྣམས་ལ་དཔལ་འབྱོར་གྱི་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་འདུག
ཉེ་ཆར་ཀེལ་ལི་ཧྥོར་ཎི་ཡའི་(Butte)ས་ཁུལ་དུ་ནག་ཚལ་གྱིས་ཁེངས་བའི་རི་རྒྱུད་ལ་མེ་སྐྱོན་བྱུང་ནས་མི་མང་སྟོང་ཕྲག་མང་པོའི་ཁང་པ་མེས་ཚིག་ནས་སྡོད་ཁང་མེད་པར་གྱུར་ཡོད་པ་དང་། མི་གྲངས་༨༠ཙམ་ཀྱི་ཚེ་སྲོག་ཤོར་བ་དང་མང་པོ་གར་སོང་ཆ་མེད་དུ་གྱུར་བ། སེམས་ཅན་སྟོང་ཕྲག་པོར་གནོད་འཚེ་ཕོག་ཡོད་པ་རེད། དེ་ནི་ད་བར་ཨ་རིའི་ནང་ནགས་རི་ལ་མེ་སྐྱོན་བྱུང་བའི་ནང་ནས་ཚབས་ཆེ་ཤོས་ཤིག་ཡིན་པ་རེད།

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎