དེ་ཡང་ད་ཐེངས་འབར་མའི་སྲིད་འཛིན་ཐེན་སེན་མཆོག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་གསུང་བཤད་གནང་སྐབས། ཁོང་གིས་ལྕམ་ཨང་སང་སུ་ཅི་མཆོག་ལ་ཨ་རིའི་རྒྱལ་ཁབ་ཀྱི་ཞི་བའི་གཟེངས་རྟགས་མཐོ་ཤོས་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་ཕུལ་བར་འཚམས་འདྲི་ཞུས་པ་མ་ཟད་། ཁོང་གིས་འབར་མ་དེ་བཞིན་མང་གཙོའི་ལམ་ལུཌ་ཕྱོཌ་སུ་བསྐྱོད་རྒྱུའི་ཐད་བཟང་ཕྱོཌ་ཀྱི་བཅོས་བསྒྱུར་མུ་མཐུད་ནས་གཏོང་རྒྱུ་ཡིན་སྐོར་བཀའ་གནང་ཡོད་པ་རེད། ཡང་ཁོང་གིས་ལྕམ་ཨང་སང་སུ་ཅིའི་ལྷན་དུ་རྒྱལ་ཁབ་ཀྱི་ལས་དོན་ཐད་མཉམ་འབྲེལ་སྒོ་ནས་ཕྱག་ལས་གནང་བཞིན་པ་དང་། གལ་ཏེ་འབར་མའི་མི་མང་གིས་ལྕམ་ཨང་སང་སུ་ཀྱི་མཆོག་ཡུལ་དེའི་སྲིད་འཛིན་ལ་ཁས་ལེན་ཞུས་ཚེ་ཁོང་གིས་ཀྱང་ངོས་ལེན་ཞུ་རྒྱུ་ཡིན་པ་བྷེ་བྷེ་སེ་གསར་ལས་ཁང་ལ་བརྗོད་དོན། ད་ལྟའི་འབར་མའི་རྕ་ཁྲིམས་ལྟར་ན་ཕྱིའི་རྒྱལ་ཁབ་བམ་ཕྱི་མི་དང་འབྲེལ་བ་ཉེ་པོ་ཡོད་མི་ཚོ་འབར་མའི་འགོ་འཁྲིད་ཀྱི་ཐུཌ་འགན་བཞེས་ཆོག་གི་མེད་ཅིང་། ལྕམ་ཨང་སུ་ཀྱི་མཆོག་ཨིན་ཇིའི་མི་རིགས་ཡིན་པའི་མཁས་པ་Michael Airs དང་འཁྲུངས་ས་སྐྱོན་ནས་ཁོང་གཉིས་ལ་སྲས་གཉིས་ཡོད་པ་རེད་ དེས་ན་སྲིད་འཛིན་ཐེན་སེན་མཆོག་གིས་རྩ་ཁྲིམས་བསྒྱུར་བ་དེ་ཁོང་གཅིག་པུས་གཏོང་ཐུབ་རྒྱུ་མིན་པ་དང་། རྩ་ཁྲིམས་བཅོས་བསྒྱུར་དེ་མི་མང་དང་གྲོས་ཚོཌ་འཐུས་མིའི་འདོད་པ་ལྟར་གཏོང་དགོས་ཀྱི་ཡོད་སྐོར་ཡང་གསུངས་འདུག སྲིད་འཛིན་ཐེན་སེན་མཆོག་ནི་འབར་མའི་དྲག་པོའི་གཞུང་ནས་ཞི་བའི་མི་མང་གིས་སྣེ་འཁྲིད་པའི་གཞུང་འཛིན་གསར་བཙུགས་སྐབས་དེའི་འགོ་འཁྲིད་ལ་བསྐོ་བཞག་བྱས་པ་དང་། འདས་པའི་ལོ་གཅིག་རིང་སྲིད་འཛིན་ཐེན་སེན་མཆོག་གིས་འབར་མ་དེ་བཞིན་མང་གཙོའི་ཕྱོགས་སུ་བསྐྱོད་རྒྱུའི་བཅོས་བསྒྱུར་མང་པོ་བཏང་བའི་ནང་ལྕམ་ཨང་སང་སུ་ཅི་མཆོག་ཀྱང་འོས་བསྡུའི་ལམ་ནས་འབར་མའི་གྲོས་ཚོགས་ཀྱི་འཐུས་མིར་འོས་འདེམས་བྱུང་ཡོད་པ་རེད།