༧གོང་ས་མཆོག་གིས་དད་འདུན་པ་རྣམ་དམིཊ་འོག་ལ་བཅུག་འདུག

༸གོང་ས་མཆོག་ནས་དུས་དབང་ལ་དངོས་སུ་མེད་ན་ཡང་འདུན་པ་བཏང་སྡོད་མཁན་ཡོངས་ལ་སྨོན་ལམ་སྐྱོན་གྱི་ཡིན་ཞེས་བཀའ་བསྩལ་ཡོད་པ།

༸གོང་ས་མཆོག་ནས་ལ་དྭགས་ལ་དུས་འཁོེར་དབང་ཆེན་ཐེངས་༣༣་པ་སྩོལ་བཞིན་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཟླ་༧་ཚེས་༡༡་ཉིན་ལ་དྭགས་སླེ་གྲོང་ཁྱེར་གྱི་ཞི་བའི་ཚལ་དུ་ཉིན་རྒྱབ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་སུམ་ཅུ་སོ་གསུམ་པ་བསྐྱང་བཞིན་པར་ སྔ་དྲོ་༧གོང་ས་མཆོག་དབུ་བཞུགས་ཐོག་སེམས་སྐྱེད་ཆོ་ག་དང་། ཉིན་རྒྱབ་དཀྱིལ་འཁོར་དུ་ཞུགས་པའི་དབང་གནང་། ཕྱོགས་མཚུངས་བྱང་ཆུབ་སེམས་པའི་དབང་དང་སྔགས་ཀྱི་སྡོམ་པ་འབོགས་གནང་མཛད། ༧གོང་ས་མཆོག་གིས་འགལ་རྐྱེན་དབང་གིས་དུས་འཁོར་དབང་ཆེན་གནང་ཡུལ་སླེ་ཞི་བའི་ཚལ་དུ་མ་འདུས་པའི་གཞིས་ལུས་བོད་མི་གཙོ་བོར་གྱུར་པའི་དད་ལྡན་པ་འདུན་པ་གཏོང་མཁན་རྣམས་དམིགས་འོག་ཏུ་བཅུག་སྟེ་མོས་པ་བྱེད་ཀྱི་ཡོད་ཅེས་བཀའ་གནང་བ་མ་ཟད། དེ་སྔོན་སེར་ཀོང་རིན་པོ་ཆེས་དགའ་ལྡན་དུ་དུས་འཁོར་དབང་ཆེན་གནང་སྐབས་རང་ཉིད་དངོས་སུ་ཆོས་རྭར་མེད་ཀྱང་འདུན་པ་བཏང་ན་འཐོབ་པར་གསུངས་ཡོད་པ་ལུང་འདྲེན་གནང་། ༧གོང་ས་མཆོག་གིས་གཞན་ཕན་བྱང་ཆུབ་སེམས་རྒྱུད་ལ་སྦྱོང་རྒྱུ་འདི་ཕྱི་གཉིས་ཕན་གཉིས་ཡིན་པར་གསུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཆེད་ཕེབས་ཡོད་པ་མ་ཟད། ད་ལྟ་ལ་དྭགས་སླེ་སོ་ནམ་གླིང་གཞིས་ཆགས་ཀྱི་ ཚོགས་ཁང་དུ་མང་ཚོགས་ལ་གསུང་བཤད་གནང་འདུག ཕྱི་རྒྱལ་ཡུལ་གྲུ་ཁག་ནས་འབྱོར་བའི་ཆོས་ཞུ་བ་ཚུད་པའི་ཆོས་ཞུ་བ་རྒན་གྲས་དེབ་བསྐྱེལ་གནང་བའི་གྲངས་འབོར་ཆིག་འབུམ་བཞི་ཁྲི་བདུན་སྟོང་ལྷག་ཙམ་ཡོད་པ་གྲ་སྒྲིག་ཚོགས་ཆུང་གིས་གསར་འགོད་པར་གསུངས་འདུག

གསར་འགོད་པ་ཚེ་བརྟན་རྣམ་རྒྱལ་དང་ལྷུན་གྲུབ་ཚེ་རིང་།

ཞིབ་ཕྲ་འདི་གའི་ཆེད་གཏོང་གསར་འགོད་པ་པ་སངས་ཚེ་རིང་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས༎

 

གསར་འགོད་པ་པ་སངས་ཚེ་རིང༌།

 

ཡང་འདི་གའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་དུས་འཁོར་དབང་ཆེན་ཐེངས་༣༣པར་ཕེབས་པའི་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་ཆོས་ཞུ་བ་ཁག་གཅིག་ལ་འབྲེལ་ཡོད་གནས་ཚུལ་བཅར་འདྲི་ཞུས་པ་ཞིག་གཤམ་ལ་གསན་རོགས༎

 

གསར་འགོད་པ་བསྟན་འཛིན་དབང་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org