འབར་མའི་དམངས་གཙོ་ཚོགས་པའི་ཚོགས་གཙོའི་འཁྲུངས་སྐར།

འབར་མའི་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སང་སུའུ་ཅི་དགུང་གྲངས་དྲུག་ཅུ་རེ་བཞིར་ཕེབས་པའི་འཁྲུངས་སྐར་ཉིན་མོ།

2009.06.19

༄༅༎རེས་གཟའ་པ་སངས་ཉིན་འབར་མ་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སང་སུའུ་ཅི་དགུང་གྲངས་དྲུག་ཅུ་རེ་བཞིར་ཕེབས་པའི་འཁྲུངས་སྐར་ཉིན་མོ་ཡིན་ཞིང་དེའི་ཉིན་འཛམ་གླིང་ཁྱོན་ཡོངས་སུ་ཁོང་གློད་བཀྲོལ་ཡོང་ཐབས་ཀྱི་ལས་འགུལ་འདྲ་མིན་སྤེལ་ཡོད་པ་རེད།

འབར་མའི་ཕྱོགས་འགལ་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སང་སུའུ་ཅི་དགུང་གྲངས་དྲུག་ཅུ་རེ་བཞིར་ཕེབས་པའི་འཁྲུངས་སྐར་དེ་བཞིན་བཙོན་ཁང་ནང་བཏང་གནང་ཡོད་པ་དང་དེའི་ཉིན་འཛམ་གླིང་ཡུལ་གྲུ་མང་པོའི་ནང་དྲ་རྒྱ་བརྒྱུད་ནས་འབར་མ་དྲག་པོའི་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་བཏོན་ཡོད་པའི་ཁར་ཨ་རིའི་སྙན་གྲངས་ཆེ་བའི་ཧོ་ལི་ལྦུ་ཌིའི་གློག་བརྙན་འཁྲབ་མཁན་སྦེ་རེདྲ་པིཏ་དང་ཇུ་ལི་ཡ་རོ་སྦཏ་སེ།གཞས་མ་མཱེ་ཌོ་ན་དེ་བཞིན་སྙན་གྲགས་ཆེ་བའི་རྐང་རྩེད་སྤོ་ལོ་རྩེད་མཁན་ཌེ་ལྦི་ཌི་སྦེ་ཀམ་དེ་མིན་ནོ་བེལ་གཟེངས་རྟགས་བཞེས་མཁན་དང་འཛམ་གླིང་ཡུལ་གྲུ་ཁག་གི་དཔོན་རིགས་སོགས་ནས་འབར་མ་དྲག་པོའི་གཞུང་གིས་ལྕམ་ཨང་སང་སུའུ་ཅི་གློད་བཀྲོལ་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་རེད།

ལྕམ་ཨང་སང་སུའུ་ཅི་ཡིས་འཁྲུངས་སྐར་ཉིན་དེར་བཙོན་རོགས་ཚོ་དང་མཉམ་དུ་ཞལ་ལག་བཞེས་ཡོད་པ་དང་ཁོང་གི་ཚོགས་པའི་ཚོགས་མི་དང་རྒྱབ་སྐྱོར་བ་མི་མང་འཕོན་ཆེ་དེའི་ཉིན་ཁོང་གི་གཟིམ་ཁང་མདུན་འདུ་འཛོམས་ཀྱིས་ཁོང་དགུང་གྲངས་དྲུག་ཅུ་རེ་བཞིར་ཕེབས་པའི་འཁྲུངས་སྐར་ལ་སྲུང་བརྩི་ཞུས་ཡོད་ཅིང་མི་རྣམས་ཀྱིས་རྟེན་འབྲེལ་མཚོན་ཆེད་བྱིའུ་དྲུག་ཅུ་རེ་བཞི་དང་འང་གུ་བཅུ་དེ་བཞིན་སྒང་ཕུབ་ཐོག་འཁྲུངས་སྐར་གྱི་བཀྲིས་སྨོན་ཚིག་བཀོད་ནས་མཁའ་དབྱིངས་སུ་གློད་ཡོད་པ་རེད། ལྕམ་ཨང་སང་སུའུ་ཅི་འདས་པའི་ལོ་ངོ་བཅུ་དགུའི་ནང་ལོ་བཅུ་གསུམ་བཙོན་ཁང་དུ་བཞུགས་ཡོད་པ་དང་དེ་དག་མང་ཆེ་བ་བཟང་བཙོན་དུ་བཞུགས་ཡོད་ཅིང་ཟླ་བ་སྔོན་མ་ལྕམ་ཨང་སང་སུའུ་ཅི་ཁྱོམ་ཁང་དུ་བཟང་བཙོན་བཞུགས་རིང་ཨ་རིའི་མི་སེར་ཡིན་པ་ཞིག་གསང་བའི་ཐོག་ནས་ཁོང་གི་གཟིམ་ཤག་ཏུ་སླེབས་པའི་རྐྱེན་གྱིས་འབར་མ་དྲག་པོའི་གཞུང་གིས་ལྕམ་ཨང་སང་སུའུ་ཅི་ཡིས་བཟང་བཙོན་དུ་བཞུགས་རིང་ཕྱི་མི་དང་ཐུག་འཕྲད་མི་ཆོག་པའི་ཁྲིམས་ལུགས་དང་འགལ་བའི་ཉེས་བཙུགས་ཐོག་ནས་འཛིན་བཟུང་བཙོན་འཇུག་བྱས་ནས་ཁོང་གི་གྱོད་དོན་ཐོག་ཁྲིམས་ཞིབ་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎