བཙན་བྱོལ་བོད་མིའི་དམངས་གཙོ་དུས་དྲན་ཐེངས་༥༧པ་སྲུང་བརྩི་ཞུས་ཡོད་པ།


2017.09.02
བཙན་བྱོལ་བོད་མིའི་དམངས་གཙོ་དུས་དྲན་ཐེངས་༥༧པ་སྲུང་བརྩི་ཞུས་ཡོད་པ། བཞུགས་སྒར་དུ་བོད་མིའི་དམངས་གཙོའི་དུས་དྲན་ཐེངས་༥༧པ་སྲུང་བརྩི་ཞུས་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌།

༄༅། །དེ་རིང་ཕྱི་ཟླ་༩པའི་ཚེས་༢ཉིན་བཞུགས་སྒར་རྡ་རམ་ས་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བའི་ནང་བཙན་བྱོལ་བོད་མིའི་དམངས་གཙོའི་ལམ་ལུགས་དབུ་བརྙེས་ནས་ལོ་ངོ་༥༧འཁོར་བའི་དུས་དྲན་གྱི་མཛད་སྒོའི་ཐོག་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྐུ་མགྲོན་གཙོ་བོ་ཧེ་མ་ཅལ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་Kaul singh Thakur མཆོག་དང་།  དམིགས་བསལ་སྐུ་མགྲོན་དུ་སི་ཝི་ཊན་ལྗང་གུ་ཚོགས་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ Carl Schlyter  དེ་བཞིན་བོད་མི་མང་སྤྱི་འཐུས་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་མི་མང་དང་སློབ་ཕྲུག་སོགས་ཁྱོན་མི་མང་སྟོང་ཕྲག་བརྒལ་བ་ལྷན་འཛོམས་གནང་ཡོད་པ་དང་།   སྲིད་ཚབ་མཆོག་གིས་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་མཛད་སྒོའི་ཐོག་གསུང་བཤད་གནང་ཡོད་པ་རེད།   སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ལམ་བཟང་གསོལ་བསྩལ་གནང་བའི་བཀའ་དྲིན་རྗེས་དྲན་དང། མང་གཙོའི་དུས་ཆེན་ཁྱད་པར་ཅན་ཉིན་རྟེན་འབྲེལ་མཚོན་སླད། མཛད་སྒོའི་སྐབས་བོད་ཀྱི་ཟློས་གར་ཚོགས་པ་དང། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། རྡ་ཤོད་བོད་ཁྱིམ། ཡོངས་གླིང་སློབ་གྲྭ། བོད་ཁྱིམ་ཉིན་སློབ། རྡ་སྟེང་བོད་ཁྱིམ་བཅས་ནས་གཞས་སྣ་ཁག་གཅིག་འཁྲབ་སྟོན་གནང་སྟེ་མཛད་སྒོ་གྲོལ་ཡོད་འདུག། གནས་ཚུལ་ཞིབ་ཕྲ་ས་གནས་ནས་འདི་གའི་གསར་འགོད་པ་རྣམ་པས་བཏང་བར་གསན་རོགས་ཞུ༎

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎