འབར་རྫས་གཏོར་རྒོལ་གཏོང་མཁན་བལ་པོ་ལྔ་འཛིན་བཟུང།

ཟླ་སྔོན་བལ་པོའི་སྲིད་འཛིན་གཞོན་པའི་བཞུགས་ཁང་དུ་འབར་རྫས་ཀྱི་གཏོར་རྒོལ་གཏོང་མཁན་དོགས་གཞི་ཡོད་པའི་མི་ལྔ་འཛིན་བཟུང་ཡོད་པ་རེད།

2008.09.07

༄༅༎བལ་ཡུལ་གཞུང་གིས་ཟླ་བ་སྔོན་མར་རྒྱལ་ས་ཀ་ཐ་མན་གྲུའི་ནང་དུ་ཡོད་པའི་བལ་པོའི་སྲིད་འཛིན་གཞོན་པ་ པར་མ་ནན་རྡ་ཇ་ ཡི་བཞུགས་ཁང་དུ་འབར་རྫས་ཀྱི་གཏོར་རྒོལ་གཏོང་མཁན་དོགས་གཞི་ཡོད་པའི་མི་ལྔ་འཛིན་བཟུང་ཡོད་པའི་སྐོར་རེས་གཟའ་ཉི་མའི་ཉིན་རྒྱལ་ས་ཀ་ཐ་མན་གྲུ་ནས་ཤིང་ཧ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

བལ་ཡུལ་གྱི་སྲིད་འཛིན་གཞོན་པའི་བཞུགས་ཁང་དུ་འབར་རྫས་ཀྱི་གཏོར་རྒོལ་གཏོང་མཁན་གྱི་དོགས་གཞི་ཡོད་པའི་མི་ལྔ་པོ་དེ་དག་རྒྱལ་ས་ཀ་ཐ་མན་གྲུའི་ས་གནས་མི་འདྲ་བ་ཡིན་པ་དང་བལ་པོའི་ཉེན་རྟོག་དཔོན་རིགས་ནས་གསུངས་ན། མི་ལྔ་པོ་དེ་དག་གིས་ཕྱི་ཟླ་བརྒྱད་པའི་ཚེས་༡༧ ཉིན་སྲིད་འཛིན་གཞོན་པའི་གཟིམ་ཁང་དུ་ལག་སྦོམ་གྱིས་གཏོར་རྒོལ་ཚབས་ཆེ་བཏང་སྟེ་སྐབས་དེར་སྲིད་འཛིན་གཞོན་པའི་སྲུང་སྐྱོབ་མི་སྣ་ཞིག་རྨས་སྐྱོན་བཏང་བའི་སྐོར་དང་ད་དུང་འབར་རྫས་ཀྱི་དོན་རྐྱེན་དེར་ཐེ་ཇུས་ཡོད་པའི་མི་སྣ་གསུམ་ཡོད་པ་ཤེས་རྟོགས་བྱུང་ཡོད་ཀྱང་ད་ལྟ་འཛིན་བཟུང་ཐུབ་མེད་པར་མུ་མཐུད་འཚོལ་ཞིབ་བྱེད་བཞིན་ཡོད་པའི་སྐོར་གསུངས་ཡོད་པ་རེད། བལ་ཡུལ་གྱི་གསར་འགྱུར་དྲ་རྒྱ་ནེ་པ་ལེ་ནིའུ་སི་ཞེས་པའི་ཐོག་གནས་ཚུལ་བཀོད་པའི་ནང༌། སྲིད་འཛིན་གཞོན་པ་ པར་མ་ནན་རྡ་ཇ་ ཡིས་ཁ་སྔོན་སྲིད་འཛིན་གཞོན་པའི་མཛད་འཁུར་གྱི་དམ་བཅའ་བཞེས་པའི་སྐབས་བལ་པོའི་རྩ་ཁྲིམས་ནང་འཁོད་པ་བཞིན་བལ་པོའི་སྐད་ཡིག་དང་ཡང་ན་མི་རིགས་རང་ཉིད་ཀྱི་སྐད་ཡིག་ཐོག་ནས་དམ་བཅའ་བཞེས་དགོས་ཀྱང་སྐབས་དེར་ཁོང་གིས་ཧིན་རྡི་སྐད་ཡིག་ནང་དམ་བཅའ་བཞེས་པར་དེར་རྩོད་གཞི་གནད་དོན་དུ་གྱུར་ཏེ་བལ་པོའི་ཁྲིམས་འཛིན་པས་ཁོང་གིས་བསྐྱར་དུ་རྩ་ཁྲིམས་དང་མཐུན་པའི་སྒོ་ནས་དམ་བཅའ་བཞེས་དགོས་པའི་དགོས་འདུན་བཏོན་པའི་རྙོག་ཕྲའི་གནས་ཚུལ་འཕྲད་བཞིན་པའི་སྐབས་དེར་འབར་རྫས་ཀྱི་གཏོར་རྒོལ་གྱི་དོན་རྐྱེན་དེ་བྱུང་བ་ཡིན་པའི་སྐོར་བཀོད་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎