སྐབས་བཅུ་དྲུག་པའི་བོད་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་དབུ་ཚུགས་འདུག


2017.09.19
བོད་མི་མང་སྤྱི་འཐུས་གྲོས་ཚོགས་སྐབས་བཅུ་དྲུག་པའི་ཚོགས་དུས་བཞི་པ། ༢༠༡༧།༩།༡༩ བོད་མི་མང་སྤྱི་འཐུས་གྲོས་ཚོགས་སྐབས་བཅུ་དྲུག་པའི་ཚོགས་དུས་བཞི་པ། ༢༠༡༧།༩།༡༩
ཨྱོན་བསྟན་འཛིན།/RFA

བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་སྐབས་བཅུ་དྲུག་པའི་ཚོགས་དུས་བཞི་པའི་དབུ་འབྱེད་སྐབས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས། འཚོགས་ལ་ཉེ་བའི་ཏང་གི་ཚོགས་ཆེན་སྟེང་བོད་ཀྱི་དཀའ་རྙོག་དེ་དབུ་མའི་ལམ་གྱི་ཐོག་ནས་སེལ་ཐབས་ཀྱི་དགོངས་པ་ཟབ་བཞེས་ཡོང་རྒྱུ་གལ་ཆེན་ཡིན་པ་གསུངས་འདུག
ད་དུང་ཁོང་གིས་ད་བར་བོད་ནང་ཕྱི་ལོ་ ༢༠༠༩ ་ནས་བཟུང་རང་ལུས་མེར་སྲེག་གནང་མཁན་ ༡༤༩ ་ཙམ་བྱུང་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁོང་རྣམ་པའི་མངོན་འདོད་ལ་ད་བར་འགན་འཁུར་བའི་ཐོག་ནས་ལན་འདེབས་ཚུལ་ལྡན་ཞིག་གང་ཡང་བྱས་མེད་པ་མ་ཟད། དེ་ལས་ལྡོག་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང༌། ཁོར་ཡུག་གི་གནས་སྟངས་སྡུག་ཏུ་འགྲོ་བཞིན་པ་ནི་ཉེ་འཆར་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྙན་ཐོའི་ནང་གསལ་སྟོན་གནང་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་རིམ་པའི་ནང་ལ་གླེང་སློང་བྱུང་ཡོད། གོ་སྐབས་འདི་བརྒྱུད་འཚོགས་ལ་ཉེ་བའི་ཏང་གི་ཚོགས་ཆེན་ཐོག་བོད་ཀྱི་དཀའ་རྙོག་དེ་དབུ་མའི་ལམ་གྱི་ཐོག་ནས་སེལ་ཐབས་ཀྱི་དགོངས་པ་ཟབ་བཞེས་ཡོང་རྒྱུ་གལ་ཆེན་ཡིན། ང་ཚོས་ངོས་ནས་ཀྱང་གནས་སྟངས་དེ་ཚོར་གཞིགས་པས་བསམ་བློ་བཏང་བ་དང་འཆར་གཞི་བཀོད་དགོས་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་འདུག
ཚོགས་འདུའི་འགྲོ་ལུགས་ལྟར་ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་དང༌། དེ་ནས་སྤྱི་འཐུས་ཁག་ཅིག་གིས་བོད་ནང་གི་རང་ལུས་མེར་བསྲེག་གནང་མཁན་དང༌། བླ་ཆེན་ཁག་ཅིག་དགོངས་པ་རྫོགས་པར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་རིམ་བཞིན་སྒྲོགས་སྦྱང་དང་། མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་གནང་གྲུབ་མཚམས། རིམ་པས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་དབུ་འཛུགས་གནང་ཡོད་འདུག
གཞན་ཡང་ཚོགས་གཙོ་མཆོག་གིས། གྲོས་ཚོགས་སུ་ལྟ་ཚུལ་ཅུང་མི་མཐུན་པ་ཡོང་སྲིད་ནའང་ཀུན་སྤྱོད་དང་ལྡན་པའི་སྒོ་ནས་བགྲོ་གླེང་བྱ་རྒྱུ་གལ་ཆེན་པོ་ཡིན་པའི་ནན་སྐུལ་གནང་འདུག
ཐེངས་འདིའི་ཚོགས་དུས་འདི་ཚེས་༡༩་ཉིན་ནས་འགོ་འཛུགས་ཀྱིས་ཟླ་བ་འདིའི་ཚེས་ ༢༨ ་བར་ཚོགས་རྒྱུ་ཡིན་པ་རེད།

གསར་འགོད་པ་ངག་ཆོས་དང་ཀེ་ཐོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎