བོད་མི་བཞི་དམར་གསོད་བཏང་འདུག
2013.10.13

༄༅༎ཕྱི་ཟླ་༡༠ཚེས་༡༣རེས་གཟའ་ཉི་མའི་ཉིན་འདི་ག་རླུང་འཕྲིན་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་གསར་ལྟར་ན། རེས་གཟའ་མིག་དམར་གྱི་ཉིན་བོད་རང་སྐྱོང་ལྗོངས་འབྲི་རུ་རྫོང་དུ་རྒྱ་ནག་གཞུང་གི་སྲིད་བྱུས་ལ་བོད་མི་ཚོས་ཞི་རྒོལ་ཤུགས་ཆེ་བྱས་པར་བརྟེན་ཉེན་རྟོག་མི་སྣས་མེ་མདའ་བརྒྱབ་སྟེ་བོད་མི་བཞི་དམར་གསོད་བཏང་ཡོད་པ་དང༌།བོད་མི་ལྔ་བཅུ་ལྷག་ལ་རྨས་སྐྱོན་ཕོག་འདུག ད་ལྟའི་ཆར་ས་གནས་སུ་དྲག་ཆས་དམག་མི་འབོར་ཆེ་འགྲེམས་འཇོག་བྱས་ཡོད་པ་དང༌།བོད་མིའི་ཐོག་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་འདུག