ཉི་ཧོང་དུ་གནམ་བདེ་སྒོ་མོ་ཆེའི་དམར་གསོད་དོན་རྐྱེན་བྱུང་ནས་མི་ལོ་༣༥་འཁོར་བའི་དུས་དྲན་སྐབས་བོད་ཀྱི་སྐུ་ཚབ་དོན་གཅོད་མཉམ་ཞུགས་གནང་འདུག

2024.06.05
ཉི་ཧོང་དུ་གནམ་བདེ་སྒོ་མོ་ཆེའི་དམར་གསོད་དོན་རྐྱེན་བྱུང་ནས་མི་ལོ་༣༥་འཁོར་བའི་དུས་དྲན་སྐབས་བོད་ཀྱི་སྐུ་ཚབ་དོན་གཅོད་མཉམ་ཞུགས་གནང་འདུག ཉི་འོང་དུ་གནམ་བདེ་སྒོ་མོ་ཆེའི་དམར་གསོད་དོན་རྐྱེན་བྱུང་ནས་མི་ལོ་༣༥་འཁོར་བའི་དུས་དྲན་སྐབས་བོད་ཀྱི་སྐུ་ཚབ་དོན་གཅོད་མཉམ་ཞུགས་གནང་སྐབས། ༠༦།༠༣།༢༠༢༤
CTA

ཉི་ཧོང་གི་གྲོང་ཁྱེར་(Tokyo)་ནང་ཡོད་པའི་རྒྱ་ནག་ནང་རང་དབང་དང་དམངས་གཙོ་ལ་རྒྱབ་སྐྱོར་གནང་མཁན་གྱི་རྒྱ་ནག་དང་ཉི་ཧོང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས། འདི་ཟླའི་ཚེས་༣ཉིན་ཉི་ཧོང་གྲོས་ཚོགས་འོག་མའི་ཚོགས་ཁང་ཞིག་གི་ནང་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་དམར་གསོད་དོན་རྐྱེན་གྱི་ལོ་འཁོར་རྗེས་དྲན་གནང་ཡོད་ཅིང་། རྗེས་དྲན་མཛད་སྒོ་དེའི་ཐོག་གྲོས་ཚོགས་འཐུས་མི་ཟུར་པ་དང་དཔལ་འབྱོར་བློན་ཆེན་གཞོན་པ་(Makino Seishu)་ཡིས་ཚོགས་ཞུགས་གནང་མཁན་ཚོར་དགའ་བསུ་ཞུས་གནང་བ་དང་སྦྲགས། རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་དང་བཙན་བཟུང་བྱས་པའི་ས་ཁུལ་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་དང་། མང་གཙོའི་གལ་ཆེའི་རང་བཞིན་སྐོར་གླེང་གནང་ཡོད་པ་མ་ཟད། ཁོང་གིས་རྒྱ་ནག་གི་མི་མང་ཡོངས་རྫོགས་དང་རྒྱལ་སྤྱིའི་མང་གཙོའི་ཚོགས་པ་རྣམས་ཆིག་སྒྲིལ་གྱིས་བཙན་གནོན་བྱེད་མཁན་གྱི་སྲིད་གཞུང་ལ་འཐབ་རྩོད་གནང་ཏེ་རྒྱ་ནག་ལ་རང་དབང་དང་མང་གཙོ་སྐྲུན་དགོས་པའི་འབོད་སྐུལ་ཞུས་གནང་འདུག
ཡང་སྐབས་དེར་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་གསུང་བཤད་གནང་མཁན་གྱི་སྐུ་མགྲོན་དུ་གདན་ཞུ་གནང་ཡོད་པ་ལྟར། ཁོང་གིས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་གྱི་སྐབས་དང་དེའི་རྗེས་སུ་རྒྱ་ནག་དམར་ཤོག་ཚོགས་པས་དྲག་གནོན་བྱས་པའི་རྒྱ་མི་རིགས་དང་། ཧོང་ཀོང། ཐེ་ཝན་བཅས་པར་ང་ཚོ་བོད་མི་ཚང་མས་གདུང་སེམས་མཉམ་སྐྱེས་དང་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་དང་། མང་གཙོ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་པ་དང་། བོད་མི་ཚོས་རང་དབང་དང་མང་གཙོའི་ཆེད་དུ་རྒྱ་རིགས་སྤུན་ཟླ་ཚོ་དང་མཉམ་རུབ་ཀྱིས་འབད་བརྩོན་གནང་རྒྱུ་ཡིན་པ་གསལ་སྟོན་གནང་འདུག
ད་རེས་གནམ་བདེ་སྒོ་མོ་ཆེའི་དམར་གསོད་དོན་རྐྱེན་བྱུང་ནས་མི་ལོ་༣༥་འཁོར་བའི་དུས་དྲན་དེའི་ཐོག་རྩོམ་པ་པོ་དང་། གསར་འགོད་པ། དེ་བཞིན་མང་གཙོ་དང་རང་དབང་ལ་དགའ་བའི་མི་མང་མང་པོ་ཞིག་མཉམ་ཞུགས་གནང་ཡོད་པ་རེད་འདུག

anniversary of the Tiananmen massacre.jpeg
དབྱིན་ཡུལ་དུ། ༠༦།༠༤།༢༠༢༤ པར། CTA
དེ་བཞིན་དབྱིན་ཡུལ་དུ་ཡང་འདི་ཚེས་༤ཉིན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་། ཐེ་ཝན། ཧོང་ཀོང་། ཡུ་གུར་བ་བཅས་ཀྱི་ཚོགས་སྡེ་ཁག་གིས་མཉམ་དུ་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་དམར་གསོད་དོན་རྐྱེན་བྱུང་ནས་མི་ལོ་༣༥་འཁོར་བའི་རྗེས་དྲན་གནང་སྐབས་ས་གནས་ཀྱི་བོད་རིགས་ཚོགས་པའི་སྐུ་ཚབ་མཉམ་ཞུགས་གནང་ཡོད་པ་རེད་འདུག


གསར་འགོད་པ། དབྱངས་སྒྲོན། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎