པཎ་ཆེན་ཡང་སྲིད་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་༢༡་ཕྱིན་པ།


2016.05.17
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་པཎ་ཆེན་རིན་པོ་ཆེ་མཆོག་གི་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྐབས། ༢༠༡༦།༥།༡༧ དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་པཎ་ཆེན་རིན་པོ་ཆེ་མཆོག་གི་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྐབས། ༢༠༡༦།༥།༡༧
མཐུན་འགྱུར་པར་རིས།

པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་གྱུར་ནས་ད་བར་མི་ལོ་༢༡ཕྱིན་པར་བཙན་བྱོལ་སྤྱི་ཚོགས་ཁྲོད་བློ་འཚབ་དང་བཅས་ལས་འགུལ་འདྲ་མིན་སྤེལ་ཡོད་པ་རེད།
དེ་ཡང་ཕྱི་ཟླ་ལྔ་པའི་ཚེས་༡༧་ཉིན་མོ་འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཡབ་ཡུམ་སྐུ་འཁོར་རྣམས་རྒྱ་ནག་གཞུང་ནས་བཙན་འཁྲིད་བྱས་ནས་ལོ་ངོ་ཉི་ཤུ་རྩ་གཅིག་འགྲོ་གིན་ཡོད་ཀྱང་། ད་བར་ས་གནས་གང་དུ་བཞུགས་ཡོད་མེད་ཀྱི་གནས་ཚུལ་ཙམ་ཡང་གོ་ཐོས་མེད་པའི་གནས་སྟངས་སུ་གྱུར་ཡོད་པར་བརྟེན་བཙན་བྱོལ་སྤྱི་ཚོགས་ནང་དུས་ཚིགས་འདི་བཞིན་ལས་འགུལ་འདྲ་མིན་གྱི་ལམ་ནས་སྲུང་བརྩི་ཞུ་བཞིན་ཡོད་འདུག དེ་ཡང་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་སུ་ཆགས་པའི་ཤེས་རབ་དགའ་ཚལ་སློབ་གྲྭའི་ཚོགས་ཁང་ནང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཁོངས་གཏོགས་འགྲོ་བ་མིའི་ཐོབ་ཐང་ཚན་པས་གོ་བསྒྲིགས་འོག་དུས་དྲན་འདི་བཞིན་སློབ་ཕྲུག་ཚོས་རི་མོ་དང་རྩོམ་བྲིས་ཀྱི་འགྲན་བསྡུར་བྱེད་པའི་ཐོག་ནས་སྲུང་བརྩི་ཞུས་ཡོད་པ་ལྟར། དེ་རིང་མཛད་སྒོའི་སྐུ་མགྲོན་དུ་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ནས་གསུང་བཤད་གནང་བའི་ནང་། དེ་རིང་ཉི་མོ་འདི་སྲུང་བརྩི་ཞུ་དགོས་དོན་ག་རེ་ཡིན་མིན་གསལ་པོ་ཤེས་རྟོག་ཐུབ་ཐབས་ཆེད་ཡིན་ལུགས་དང་། དེ་བཞིན་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་བཙན་བྱོལ་དུ་ཕེབས་ཐུབ་མེད་ཀྱང་བོད་ནང་འཚོ་བཞུགས་སྐབས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་རྒྱ་ནག་གཞུང་ལ་གདོང་ལེན་གནང་བའི་མཛད་རྗེས་རྣམས་གསུངས་ནས་བོད་མི་རིགས་ལ་ཤིན་ཏུ་བཀྲིན་ཆེན་པོ་ཡིན་ལུགས་གསུངས་འདུག
དེ་བཞིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་པཎ་ཆེན་རིན་པོ་ཆེ་མཆོག་གི་ཆེད་རྒྱ་གར་སྡེ་ར་ལྡུན་ནས་ལྡི་ལི་བར་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ་རེད།
ད་ལྟ་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་ཕྱི་ལོ་༡༩༨༩་ཕྱི་ཟླ་བཞི་པའི་ཚེས་ཉི་ཤུ་ལྔ་ཉིན་བོད་ཀྱི་ནག་ཆུ་ས་ཁུལ་ལྷ་རི་རྫོང་དུ་སྐུ་འཁྲུངས་ཞིང་། དགུང་ལོ་དྲུག་ལ་ཕེབས་པའི་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་པན་ཆེན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་དགེ་འདུན་ཆོས་ཀྱི་ཉི་མ་ཞེས་མཚན་གསོལ་གནང་ཡོད་པ་རེད། འོན་ཀྱང་ངོས་འཛིན་གནང་ནས་ཉིན་ཤས་རྗེས་ཕྱི་ལོ་༡༩༩༥་ཕྱི་ཟླ་ལྔ་པའི་ཚེས་བཅུ་བདུན་ཉིན་རྒྱ་ནག་གཞུང་ནས་ཁོང་དང་ཡབ་ཡུམ་བཅས་པ་བཙན་འཁྲིད་བྱས་ཡོད་པ་རེད། ད་ཆ་རིན་པོ་ཆེ་མཆོག་དགུང་གྲངས་ཉི་ཤུ་རྩ་བདུན་ཙམ་ཕེབས་ཡོད་པ་དང་། རྒྱལ་སྤྱིའི་ཐོག་ནས་ཀྱང་རྒྱ་ནག་གཞུང་ལ་རིན་པོ་ཆེ་མཆོག་གར་ཡོད་འདྲི་རྩད་བྱེད་པའི་སྐབས། རྒྱ་ནག་ནང་སློབ་གཉེར་གནང་བཞིན་ཡོད་ལུགས་བཤད་པ་ལས་ས་གནས་གང་དུ་བཞུགས་ཡོད་མེད་ཀྱི་གནས་ཚུལ་ཁ་གསལ་རྩ་བ་ནས་བཤད་ཀྱི་མེད་པ་རེད།            

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎