རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་གོ་རྟོགས་སྤེལ་ཐབས་སུ་ཚོགས་འདུ་སྐོང་ཚོགས་གནང་བ།


2018.11.02
རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་གོ་རྟོགས་སྤེལ་ཐབས་སུ་ཚོགས་འདུ་སྐོང་ཚོགས་གནང་བ། ༢༠༡༨་ཇི་ནི་ཝའི་གླེང་སྟེགས་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་གསུང་བཤད་གནང་བཞིན་པ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོ་དེབ།

༄༅། །རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བསྐྱར་ཞིབ་ཐེངས་གསུམ་པ་འགོ་མ་འཛུགས་གོང་། ཕྱི་ཟླ ༡༡ ཚེས ༢ ཉིན ། སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་། ཇི་ནི་ཝ་སྐུ་ཚབ་དོན་གཅོད་ལས་ཁང་གཉིས་ཟུང་སྦྲེལ་གྱིས་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད་པ་རེད།    བགྲོ་གླེང་ལྷན་ཚོགས་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཙོས་ལོ་རྒྱུས་རིག་པ་བ་དང་གཞུང་འབྲེལ་མི་སྣ། ཁྲིམས་རྩོད་པ། ལས་འགུལ་བ་སོགས་མི་མང་པོ་ཞིག་གིས་གཏམ་བཤད་དང་བགྲོ་གླེང་གནང་ཡོད་འདུག
ཕྱི་ཟླ  ༡༡ ཚེས  ༦ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་བསྐྱར་ཞིབ་གནང་རྒྱུ་ཡིན་སྟབས། སྔོན་ཚུད་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གོ་རྟོགས་རྒྱ་ཆེ་སྤེལ་ཐབས་སུ་ཚོགས་འདུ་དེ་གོ་སྒྲིག་བྱས་པ་ཞིག་ཡིན་འདུག་ཅིང་།  དེ་ཡང་སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་དུས་བཀག་བསྐྱར་ཞིབ་ཀྱི་ཆ་རྐྱེན་དེའི་འོག་ནས་སྲིད་གཞུང་དང་ཚོགས་པ་སྒྲིག་འཛུགས་ཁག་གིས་རྒྱ་ནག་གཞུང་ལ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནས་སྟངས་ལ་རྩད་ཞིབ་དང་དྲི་བ་གཏོང་རྒྱུས་མཚོན་རྒྱ་ནག་གཞུང་གི་བྱེད་ཕྱོགས་ལ་སྐྱོན་འཛུགས་བྱ་རྒྱུའི་གོ་སྐབས་ཤིག་ཐོབ་པར་བརྟེན། ཐེངས་འདིར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་ཇི་ནི་ཝ་སྐུ་ཚབ་དོན་གཅོད་ལས་ཁང་གཉིས་ཐོུང་གིས་གོ་སྒྲིགས་གནང་པའི་ཉིན་གཅིག་གི་ལྷན་ཚོགས་འདི་ནི་ཧ་ཅང་གནད་འགག་ཆགས་ཡོད་པ་གསུངས་འདུག
ཕྱོགས་མཚུངས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་ཤུགས་སྔར་ལས་ཇེ་ཆེར་བཏང་བ་མ་ཟད། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལས་འགུལ་བ་ཚོ་འཛིན་བཟུང་བཀག་ཉར་དང་། བཙོན་འཇུག་མནར་གཅོད་གཏོང་བཞིན་ཡོད་པ་ངོ་སྤྲོད་གནང་ཡོད་པ་རེད།
བགྲོ་གླེང་ཚོགས་འདུ་དེ་དབུ་འབྱེད་གནང་མཁན་སུད་སིའི་གྲོས་ཚོགས་ཀྱི་འཐུས་མི་ལྕམ་ལི་ས་མ་ཛོན་མཆོག་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཚོགས་འདུའི་ཐོག་གསུང་བཤད་གནང་ཡོད་པ་རེད། དེ་མིན་རྒྱ་ནག་དང་བོད། ཡུ་གུར། ལྷོ་སོག་པོ།  ཧོང་ཀོང་བཅས་ཀྱི་སྐུ་ཚབ་བཅོ་ལྔ་ཡིས་གཏམ་བཤད་གནང་ཡོད་པ་དང་། བོད་མི་ཆབ་སྲིད་བཙོན་ཟུར་འགོ་ལོག་འཇིགས་མེད་ལགས་ཀྱིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ངོ་སྤྲོད་གནང་ཡོད་པ་རེད།།
གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎