རྒྱ་ནག་གི་མཁའ་དམག་གནམ་གྲུ་ ༡༩ ཐའེ་ཝན་གྱི་མཁའ་དབྱིངས་ས་ཐིག་བརྒལ་ནས་འཛུལ་པ།

H-6 bomber ༢༠༢༠
H-6 bomber ༢༠༢༠ (AP)

ཐའེ་ཝན་རྒྱལ་སྲུང་བློན་ཆེན་ལས་ཁུངས་ནས་བརྗོད་ན་རྒྱ་ནག་ཕྱོགས་ཀྱི་J-16 རྟགས་ཅན་གྱི་གནམ་གྲུ་བཅུ་དངSu-30 རྟགས་ཅན་གྱི་གནམ་གྲུ་བཞི་་H-6 རྟགས་ཅན་གྱི་གནམ་གྲུ་བཞི་་གཞན་གྲུ་གཟེངས་སྲུང་སྐྱོབ་ཀྱི་གནམ་གྲུ་གཅིག་བཅས་ཁྱོན་བསྡོམས་པའི་འཐབ་འཛིང་གནམ་གྲུ་༡༩་གཟའ་ཉི་མའི་ཉིན་ཐའེ་ཝན་གྱི་མཁའ་ཐོག་སྲུང་སྐྱོབ་ས་ཚིགས་སུ་འཛུལ་ཡོད་པ་བརྗོད་འདུག་རྒྱ་ནག་སྐམ་སའི་མཁའ་ཐོག་འཇིགས་སྐུལ་གྱི་བྱ་སྤྱོད་འདིའི་རིགས་ཡང་ནས་སྐྱར་དུ་བྱེད་ཀྱི་ཡོད་པར་ཐའེ་པེ་ཕྱོགས་ནས་ལོ་གཅིག་ཙམ་གྱི་གོང་ནས་སྡུག་སྐད་རྒྱག་གི་ཡོད་པ་བཞིན་ཐེངས་འདིར་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་མང་པོ་ཞིག་དུས་གཅིག་ཏུ་ཐའེ་ཝན་མཁའ་ཐོག་སྲུང་སྐྱོིབ་ས་ཚིགས་སུ་འབྱོར་དུས་ཐའེ་ཝན་ཕྱོགས་ནས་མེ་ཤུགས་འཕུར་མདེལ་གྱི་སྒྲོམ་གཞི་ཁག་འགྲེམས་འཇོག་བྱས་པ་དང་ཆབས་ཅིག་འཐབ་འཛིང་གནམ་གྲུ་མངགས་གཏོང་བྱས་ནས་རྒྱ་ནག་གི་གནམ་གྲུ་ཁག་ཕར་རྒྱུགས་ཞེས་ཉེན་བརྡ་བཏང་ཡོད་ལུགས་ཐའེ་ཝན་རྒྱལ་སྲུང་ལས་ཁུངས་ནས་བརྗོད་འདུག་མོད་་འོན་ཀྱང་རྒྱ་ནག་ཕྱོགས་ནས་ད་ལྟའི་ཆར་གནད་དོན་འདིའི་ཐད་གླེང་སློང་གང་ཡང་བྱས་མི་འདུག་ཐའེ་ཝན་ཕྱོགས་ཀྱི་དཔོན་རིགས་ཚོའི་བཤད་སྟངས་ལ་མི་དགའ་བའི་རྣམ་འགྱུར་སྟོན་ཆེད་རྒྱ་ནག་ཕྱོགས་ནས་དུས་རྒྱུན་འཐབ་འཛིང་གནམ་གྲུ་ཐའེ་ཝན་གྱི་མཁའ་ཐོག་སྲུང་སྐྱོབ་ས་ཚིགས་སུ་བཏང་ནས་འཇིགས་སྣང་སྐུལ་གྱི་ཡོད་པའི་སྣང་ཚུལ་འདི་འཆར་ཅན་ལྟ་བུ་ཆགས་ཡོད་པས་ན་་ད་ལོའི་ཕྱི་ཟླ་དྲུག་པའི་ཚེས་༢༤་ཉིན་རྒྱ་ནག་གིས་འཐབ་འཛིང་གནམ་གྲུ་༢༨་དུས་གཅིག་ཏུ་ཐའེ་ཝན་མཁའ་ཐོག་སྲུང་སྐྱོབ་ས་ཚིགས་སུ་མངགས་གཏོང་བྱས་ཡོད་པ་དེ་ནི་ད་བར་དུ་འཐབ་འཛིང་འདི་འདྲའི་མང་པོ་ཞིག་ཐའེ་ཝན་མཁའ་ཐོག་ལ་བཏང་བ་ཐོག་མ་དེ་ཆགས་ཡོད་འདུག

ཉེ་བའི་དུས་རྒྱ་ནག་གི་གནམ་དམག་དང་མཚོ་དམག་གིས་གནམ་མཚོ་གཉིས་ནས་ཐེ་ཝན་གྱི་མངའ་ཁོངས་སུ་སིམ་འཛུལ་བྱ་རྒྱུ་ཇེ་མང་དུ་སོང་ཡོད། རྒྱ་ནག་གིས་ཐེ་ཝན་མཚོ་འགག་ལ་འཐབ་འཛིང་གནམ་གྲུ་གཏོང་བའི་དམག་སྦྱོང་དེ་ཚོ་རྒྱུན་ལྡན་་ལྟར་བརྩི་བཞིན་ཡོད་ ཐེ་ཝན་དང་རྒྱལ་སྤྱིའི་ཉམས་ཞིབ་པ་ཁག་ཅིག་གིས་འཛམ་གླིང་ཧྲིལ་པོ་ཏོག་དབྱིབས་རིམས་ནད་ལ་མགོ་འཐོམས་ཡོད་པའི་དུས་སུ་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུ་དང་དམག་རྒྱག་རྒྱུའི་གྲ་སྒྲིག་བྱེད་ཀྱི་འདུག་ཅེས་བརྗོད་། རྒྱ་ནག་གིས་ཀྱང་ཐེ་ཝན་ལ་དམག་བརྒྱབ་དགོས་ཀྱང་་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་གཏོང་རྒྱུ་འདུན་པ་ཆེ་ཞིང་། ཐེ་ཝན་རང་བཙན་བྱེད་དུ་འཇུག་རྒྱུ་མིན་ཞེས་སྡིགས་ར་སྐུལ་གྱི་ཡོད་པ་རེད།།

ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་ང་ཚོས་རང་གི་མཁའ་དབྱིངས་མངའ་ཁོངས་དང་དེའི་གཡས་གཡོན་ཀུན་ཏུ་སྲུང་སྐྱོབ་བྱས་ནས་ལྟ་རྟོག་བྱེད་བཞིན་ཡོད། ང་ཚོས་རང་གི་བདེ་འཇགས་སྲུང་སྐྱོབ་དོན་དུ་ཕར་རྒོལ་གྱི་གྲ་སྒྲིག་ཆ་ཚང་བྱས་ཀྱི་ཡོད་ཅེས་བརྗོད་ཡོད་འདུག།