ཤར་གླིང་ཟླ་སྒྲོན་ལགས་བཀའ་བློན་དུ་བསྐོ་བཞག་ཐུབ་མེད་པ།


2016.09.24
ཕྱི་འབྲེལ་བཀའ་བློན་གྱི་འོས་མི་ཤར་གླིང་ཟླ་སྒྲོན་ལགས་བཀའ་བློན་དུ་བསྐོ་བཞག་ཐུབ་མེད་པ། ཕྱི་འབྲེལ་བཀའ་བློན་གྱི་འོས་མི་ཤར་གླིང་ཟླ་སྒྲོན།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། འཇིགས་མེད་སྙན་གྲགས།

༄༅། །དེང་སྐབས་རྡ་རམ་ས་ལར་ཚོགས་བཞིན་པའི་སྐབས་བཅུ་དྲུག་པའི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ནང་ཕྱི་འབྲེལ་བཀའ་བློན་གྱི་འོས་མི་ཤར་གླིང་ཟླ་སྒྲོན་ལགས་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་གྲངས་ཚད་མ་ལོན་སྟབས་བཀའ་བློན་དུ་བསྐོ་བཞག་ཐུབ་མེད་པ་རེད།
འདི་ལོ་ཕྱི་ཟླ་ལྔ་པའི་ནང་ཚུགས་པའི་གྲོས་ཚོགས་ཚོགས་དུས་དང་པོའི་སྐབས་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ནས་ཤར་གླིང་ཟླ་སྒྲོན་ལགས་ཕྱི་དྲིལ་བཀའ་བློན་གྱི་ཆེད་འོས་མི་བཏོན་ཡོད་ན་ཡང་། སྐབས་དེར་ཟླ་སྒྲོན་ལགས་ལོ་ན་གསུམ་བཅུ་སོ་ལྔ་ཧྲིལ་པོ་ལོན་མེད་སྟབས་བཀའ་བློན་གྱི་འོས་ཆོས་མ་ཚང་བའི་གནས་སྟངས་འོག་འོས་མི་ཕྱིར་འཐེན་བྱ་དགོས་བྱུང་ཡོད་པ་རེད། ཁ་སང་ཕྱི་ཚེས་ ༢༣ ཉིན་ཤར་གླིང་ཟླ་སྒྲོན་ལགས་ལོ་ན་གསུམ་བཅུ་སོ་ལྔ་ལོན་པའི་སྐྱེས་སྐར་ཡིན་པ་དང་། དེ་རིང་ཕྱི་ཚེས་ ༢༤ ཉིན་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་སླར་ཡང་ཤར་གླིང་ཟླ་སྒྲོན་ལགས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་བཀའ་བློན་གྱི་འོས་མིར་མིང་འདོན་གནང་ཡོད་ཀྱང་། གྲོས་ཚོགས་ནང་སྤྱི་མོས་སུ་འགྲོ་རྒྱུར་འགག་བྱ་བྱུང་ཞིང་། དེ་ནས་གྲོས་ཚོགས་ཀྱི་འགྲོ་ལུགས་ལྟར་གསང་བའི་འོས་ཤོག་འཕེན་དགོས་པ་ཆགས་ཡོད་པ་རེད། ངོ་ཡོད་སྤྱི་འཐུས་ ༤༢ ཡོད་པའི་ཁོང་ནས་སྤྱི་འཐུས་ ༡༤ ས་རྒྱབ་སྐྱོར་དང་། སྤྱི་འཐུས་ ༢ ཀྱི་འོས་གྲངས་རྩིས་མེད།  སྤྱི་འཐུས་༢༧ གྱིས་རྒྱབ་སྐྱོར་མེད་པའི་འོས་ཤོག་འཕེན་ཏེ་ཤར་གླིང་ཟླ་སྒྲོན་ལགས་བཀའ་བློན་དུ་བསྐོ་བཞག་འབྱུང་རྒྱུར་དགོས་ངེས་ཀྱི་རྒྱབ་སྐྱོར་ཐོབ་མེད་པ་རེད།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎