ཨི་ཊ་ལི་རུ་བོད་མི་མཐོ་རིམ་སློབ་གྲྭ་བ་བཅོ་ལྔ་ལ་ཟབ་སྦྱོང༌།

རྒྱ་གར་ནས་མཐོ་རིམ་སློབ་གྲྭའི་བོད་པའི་སློབ་ཕྲུག་བཅོ་ལྔ་ཞིག་ཨི་ཊ་ལི་རུ་ཆབ་སྲིད་རིག་པའི་ཟབ་སྦྱོང་ཆེད་སྐོར་བསྐྱོད་གནང་བཞིན་པ་རེད།

2009.09.17

༄༅༎རྒྱ་གར་ནས་མཐོ་རིམ་སློབ་གྲྭའི་བོད་པའི་སློབ་ཕྲུག་བཅོ་ལྔ་ཞིག་ཨི་ཊ་ལི་རུ་དེང་སྐབས་ཆབ་སྲིད་རིག་པའི་ཟབ་སྦྱོང་ཆེད་སྐོར་བསྐྱོད་གནང་བཞིན་པ་རེད།

དེ་ཡང་རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་གོ་སྒྲིག་དང་ཚོགས་པ་དེའི་ཚོགས་གཙོས་སྣེ་འཁྲིད་འོག་རྒྱ་གར་གྱི་མཐོ་རིམ་སློབ་གྲྭ་ཁག་ནང་ཆབ་སྲིད་རིག་པའི་སློབ་གཉེར་གནང་བཞིན་པའི་བོད་པའི་སློབ་མ་གྲངས་བཅོ་ལྔ་ཞིག་ཨི་ཊ་ལི་ཡིས་སཱི་ཡེ་ན་གྲོང་ཁྱེར་རུ་འབྱོར་ཡོད་པ་རེད། ཁོང་རྣམས་ལ་ཨི་ཊ་ལི་ཡིས་གཙུག་ལག་སློབ་གྲྭའི་སློབ་དཔོན་ཁག་ཅིག་ནས་ཆབ་སྲིད་རིག་པའི་སློབ་འཁྲིད་གནང་བཞིན་པ་དང་དེ་བཞིན་ཨ་རིའི་ཧར་ལྦ་ཌི་གཙུག་ལག་སློབ་གྲྭའི་ནང་ཉམས་ཞིབ་པ་བློ་བཟང་སེང་གེ་ལགས་ནས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྲོ་ལུགས་དང་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་སྐོར་གསུང་བཤད་གནང་རྒྱུ་ཡིན་འདུག་ལ་ལྷག་པར་དུ་བོད་པའི་སློབ་མ་རྣམས་ཀྱི་ཟབ་སྦྱོང་དེའི་ཐོག་ཨི་ཊ་ལི་རུ་བཅའ་བཞུགས་བོད་གནས་མཁས་དབང་སློབ་དཔོན་ནམ་མཁའི་ནོར་བུ་རིན་པོ་ཆེ་ཡིས་བཀའ་སློབ་གསུང་བཤད་ཡང་གནང་འཆར་ཡོད་པ་རེད། མཐོ་རིམ་སློབ་གྲྭའི་བོད་པའི་སློབ་ཕྲུག་རྣམས་ནས་ཨི་ཊ་ལི་རུ་ཆབ་སྲིད་ཀྱི་ཟབ་སྦྱོང་དང་སྐོར་བསྐྱོད་གནང་རིང་བོད་ཀྱི་རིག་གཞུང་ངོ་སྤྲོད་དང་འབྲེལ་བའི་འཁྲབ་སྟོན་གཟིགས་འབུལ་གནང་འདུག ཡང་བདུན་ཕྲག་འདིའི་འགོ་སྟོད་དུ་ཁོང་རྣམས་ཨི་ཊ་ལི་ཡིས་སཱི་ཡེ་ནི་གྲོང་ཁྱེར་རུ་ཕེབས་འབྱོར་སྐབས་ཨི་ཊ་ལི་ཡི་རྒྱལ་ཡོངས་གཞོན་ནུའི་ལས་འགུལ་ཚོགས་པ་ཞེས་པ་ནས་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུ་གྲུང་ལགས་སུ་བྱ་དགའ་སོགས་སྩལ་གནང་འདུག་པ་དང་བྱ་དགའ་གསོལ་སྩལ་གྱི་མཛད་སྒོའི་ཐོག་འཆི་མེད་གཡུ་གྲུང་ལགས་ནས་ཨི་ཊ་ལི་ཡིས་མང་ཚོགས་ནས་བོད་དོན་ཐོག་རྒྱབ་བསྐྱོར་གནང་པར་རྗེས་སུ་ཡི་རང་དང་རྒྱབ་བསྐྱོར་མུ་མཐུད་ཡོང་བའི་འབོད་སྐུལ་ནན་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎