བོད་མི་ཞི་རྒོལ་བར་བཙོན་འཇུག་ཁྲིམས་བཅད་།
2012.04.04
༄༅༎འདི་ལོའི་ཕྱི་ཟླ་དང་པོའི་ཚེས་༢༣་དང་༢༤་ཉིན་བོད་ཤར་ཁམས་ཁུལ་དུ་ཞི་བའི་ངོ་རྒོལ་གནང་མཁན་བོད་མི་༡༡ལ་ལོ་༣་ནས་༡༣་བར་བཙོན་འཇུག་ཁྲིམས་ཐག་གཅད་འདུག རྒྱ་ནག་གཞུང་འབྲེལ་ཞིང་ཧ་གསར་ལས་ཁང་གིས་བོད་མི་དེ་དག་ལ་བཙོན་འཇུག་ཉེས་ཆད་དུས་ཡུན་རིང་པོ་གཏོང་དགོས་དོན་ནི་ཁོང་ཚོས་སྤྱི་ཚོཌ་ནང་ཟིང་ཆ་བསླངས་པ་དང་གཞུང་གི་རྒྱུ་ནོར་གཏོར་བཅོམ་བྱས་པའི་རྐྱེན་གྱིས་ཡིན་ལུཌ་བཤད་འདུག བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན་འདི་ལོའི་ཕྱི་ཟླ་དང་པོའི་ཚེས་༢༣་ཉིན་བོད་མདོ་ཁམས་བྲག་མགོ་དང་ཕྱི་ཚེས་༢༤་ཉིན་གསེར་རྟའི་ནང་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཆེ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གནང་བ་རེད་ འོན་ཀྱང་རྒྱ་གཞུང་གིས་བོད་མིའི་ཞི་རྒོལ་ཡོངས་རྫོཌ་ཁྲིམས་འགལ་ཡིན་པའི་མིང་སྦྱང་བཀོད་ནས་དེ་དག་ནི་རྒྱ་ནག་གཞུང་ལ་འགོག་རྒོལ་དང་འཚེ་བའི་ལས་དོན་ རྒྱུ་ནོར་གཏོར་བཅོམ་བྱས་ལུཌ་འགྲེལ་བཤད་རྒྱབ་པ་དེ་དག་ལ་ཧང་སང་དགོས་དོན་མེད་ལ་ བོད་མི་མང་གིས་ཞི་བའི་ལམ་ནས་རང་གི་བསམ་ཚུལ་དང་མངོན་འདོད་ཁག་བཏོན་པ་ཡོངས་རྫོགས་ཁྲིམས་འགལ་དུ་རྩིས་ཀྱི་ཡོད་ཚུལ་གསུངས་འདུག་ འདི་ལོའི་ཕྱི་ཟླ་དང་པོ་ཚེས་༢༣་ཉིན་སྟེ་རྒྱ་མིའི་ལོ་གསར་ཉིན་ཁམས་བྲག་འགོའི་ནང་བོད་མི་བརྒྱ་ཕྲག་མང་པོ་ལམ་ཆེན་ཁག་ནང་ཐོན་ནས་བོད་ལ་རང་དབང་དགོས་པ་དང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ནང་གདན་འདྲེན་ཞུ་དགོས་པའི་འབོད་ཚིག་སྒྲོཌ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་གནང་སྐབས་རྒྱ་མིའི་ཉེན་རྟོག་མི་སྣ་དང་དྲག་ཆས་གོ་མཚོན་ཐོགས་པའི་བདེ་སྲུང་མི་སྣས་མེ་མདའ་གང་བྱུང་རྒྱབ་ཡོད་པ་རེད་ ཡང་ཕྱིུ་ཚེས་༢༤་ཉིན་ཁམས་གསེར་རྟའི་ནང་བོད་མིས་ཞི་བའི་ངོ་རྒོལ་གནང་སྐབས་ཀྱང་རྒྱ་མིའི་དམག་མི་དང་ཉེན་རྟོག་པས་བོད་མིའི་ཐོག་མེ་མདའ་གང་བྱུང་རྒྱབ་པ་རེད་ ཁམས་བྲག་གོར་ཡོད་པའི་རྒྱ་མིའི་ཁྲིམས་ཁང་ཞིག་གིས་བོད་མི་བདུན་ལ་ལོ་༡༠་ནས་༡༣་བར་བཙོན་འཇུག་ཁྲིམས་ཐག་གཅད་པའི་ཁ་སྣོན་དུ་ད་དུང་དངུལ་གྱི་ཉེས་ཆད་བཀལ་འདུག་པས་ བོད་མི་དེ་རྣམས་ནི་དཔལ་རྡོར་དང་འདུག་རྒྱལ་ཇི་པེ་ རྒྱལ་མཐོ་ རྒྱལ་རོང་ཚེ་བསྟན་ ཚེ་རིང་དར་རྒྱལ་ ཚེ་རབས་རོང་པོ་བཅས་ཡིན་འདུག ཡང་སེ་ཐར་རྫོང་གི་རྒྱ་མིའི་ཁྲིམས་ཁང་ཞིག་གིས་བོད་མི་ཚེ་དབྱངས་དང་ཁེ་མཆོག་ ཚེ་རིང་ ལེན་ཆུང་བཅས་ཀྱིས་རྒྱ་ནག་གཞུང་གི་ལས་དོན་ལ་འགོག་རྐྱེན་བཟོས་པའི་ཉེས་མིང་འོག་ཁོང་རྣམས་ལ་ལོ་གསུམ་ནས་བདུན་བར་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་འདུག༎