རྒྱ་ནག་གིས་དགེ་འདུན་པ་ཚེ་དབང་ལ་ལོ་བཅུའི་ཁྲིམས་ཐག་བཅད་འདུག


2015.01.27

ནག་ཆུ་སོག་རྫོང་ཁྲི་རུ་དྲིལ་མདའ་དགོན་པའི་དགེ་འདུན་པ་ཚེ་དབང་ལ་ལོ་ངོ་བཅུའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག
དེ་ཡང་ཕྱི་སྡོད་བོད་མི་རིན་ཆེན་ལགས་ཀྱིས་འདི་གའི་གསར་འགོད་པ་བསོད་ནམས་དབང་འདུད་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། སྤྱི་ལོ་༢༠༡༤ཟླ་༣ཚེས་༡༧གྱི་མཚན་མོ་རྒྱ་གཞུང་གིས་ནག་ཆུ་སོག་རྫོང་ཁྲི་རུ་དྲིལ་མདའ་དགོན་པའི་དབུ་མཛད་ཚངས་དབྱངས་རྒྱ་མཚོ་དང་། ཚེ་དབང་། ཨ་ཚེ། རྒྱལ་མཚན་བཅས་གྲྭ་པ་༤འཛིན་བཟུང་བཙོན་འཇུག་བྱས་ནས་ད་བར་ནང་མི་རྣམས་ཀྱིས་ཁོང་རྣམས་གར་ཡོད་ཀྱི་གནས་ཚུལ་ཤེས་རྟོགས་མེད་པར་ལུས་ཡོད་པ་རེད།
འོན་ཀྱང་ཉེ་ཆར་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་སྤྱི་ཟླ་༡པོའི་ནང་གྲྭ་ཚེ་དབང་ལ་དུས་བཀག་ཁྲིམས་ཐག་ལོ་༡༠བཅད་པ་ཙམ་ལས། ས་གནས་སུ་དམ་དྲག་གི་རྐྱེན་པས་ཞིབ་ཕྲ་ས་གནས་གང་དུ་ཁྲིམས་ཐག་བཅད་མིན་དང་། གང་དུ་བཙོན་འཇུག་བཀག་ཉར་བྱས་ཡོད་པའི་སྐོར་སོགས་ཤེས་རྟོགས་ཐུབ་ཀྱི་མེད་པ་ངོ་སྤྲོད་བྱས་ཡོད།
དེ་བཞིན་དེ་སྔ་ཁོང་དང་མཉམ་དུ་འཛིན་བཟུང་བྱས་པའི་ཚངས་དབྱངས་རྒྱ་མཚོ་ལ་ལོ་༡༢གྱི་ཁྲིམས་ཐག་བཅད་ཟིན་འདུག་པ་དང་། ཨ་ཚེ་དང་རྒྱལ་མཚན་གཉིས་ཀྱི་སྐོར་ད་དུང་ཤེས་རྟོག་ཐུབ་ཀྱི་མི་འདུག
གོང་གི་རང་ལོ་༢༧་ཙམ་ཡིན་པའི་དགེ་འདུན་པ་ཚེ་དབང་ལགས་ཀྱི་པ་ལགས་སྔ་ས་ནས་གྲོངས་ཟིན་པ་དང་། ཁོང་གི་མ་རྒན་ད་ལྟ་འཚོ་བཞུགས་ཡོད་ཀྱང་ཁོང་གི་བུའི་བཙོན་འཇུག་གི་གནས་ཚུལ་ཁོང་ལ་གསང་བ་བྱས་ནས་བཞག་ཡོད་པ་ཡང་འགྲེལ་བརྗོད་གནང་འདུག

གསར་འགོད་པ་ཀརྨ་རྡོ་རྗེ།
ཞིབ་ཕྲ་འདི་གའི་གསར་འགོད་པ་བསོད་ནམས་དབང་འདུད་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎