གསེར་གྱི་གཟེངས་རྟགས་ཀྱི་མཛད་སྒོ་ཕྱིར་འཐེན།
2008.10.17

ཨེ་ཨེཕ་པི།
༄༅༎ཕྱི་ལོ་ཉིས་སྟོང་བདུན་ཟླ་བ་བདུན་པའི་ཚེས་བཅུ་བདུན་གྱིན་ཉིན་བོད་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་མེ་རི་ཀའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་ཕུལ་ནས་ལོ་གཅིག་འཁོར་ཡོད་ཀྱང་བཙན་བྱོལ་བོད་གཞུང་མང་ནས་ཉེ་ཆར་བོད་ནང་བོད་མིའི་ཞི་བའི་ངོ་རྒོལ་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱས་དང་བྱེད་མུས་དང་ ཉེ་ལམ་བོད་ནང་ས་ཡོམ་སོགས་རང་འབྱུང་གི་གནོད་འཚེ་བྱུང་བ་དང་ དེ་བཞིན་ཉིན་ཤས་སྔོན་༸གོང་ས་མཆོག་གི་སྐུའི་མཁྲིས་རྡོའི་གཤག་བཅོས་གནང་དགོས་པ་སོགས་ཀྱི་གནས་ཚུལ་མང་དག་ཅིག་བྱུང་བར་བརྟེན་བཙན་བྱོལ་བོད་གཞུང་མང་ནས་དགའ་སྟོན་གྱི་སྲུང་བརྩི་སོགས་གང་ཡང་གནང་མེད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས་གནང༌༎