རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ།
2012.04.22

སུད་སི་ལེཀ་ཊེན་སྤྲཡན་བོད་རིགས་མིང་གྱི་དྲ་གནས།
༄༅༎ཕྱི་ཟླ་༤ཚེས་༢༠དགོང་དྲོ་སུད་སི་གྲོང་ཁྱེར་འཛུ་རིཁ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་མདུན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་བརྒྱད་བརྒྱ་ལྷག་ནས་བོད་དོན་ཆེད་རང་ལུས་མེར་བསྲེག་གཏོང་མཁན་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་།ད་ལྟ་རྒྱ་ནག་གཞུང་གིས་བོད་ནང་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དེ་ཕྲལ་དུ་མཚམས་འཇོག་དགོས་པའི་ཆེད་རྔ་སྟོན་ཁྲོམ་སྐོར་གྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ཀྱིས་ཕྱོགས་སྒྲིག་ཞུས་པའི་གནས་ཚུལ་ཞིག་གནས་རོགས༎