དཔའ་བོའི་ཆེད་མཆོད་སྨོན།

༸གོང་ས་མཆོག་དབུ་བཞུགས་ཐོག་བོད་དོན་དུ་སྐུ་གཤེགས་པ་རྣམས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་འཚོགས།

2011.04.26
༸གོང་ས་མཆོག་དབུ་བཞུགས་ཐོག་བོད་དོན་དུ་སྐུ་གཤེགས་པའི་པ་རྣམས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་འཚོགས།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། འཇིགས་མེད་སྙན་གྲགས།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༦ རེས་གཟའ་མིག་དམར་གྱི་ཉིན་བཞུགས་སྒར་རྡ་རམ་སའི་ཐེག་ཆེན་གཙུག་ལག་ཁང་དུ་བོད་མདོ་སྨད་རྔ་པ་ཁུལ་གྱི་མི་མང་སྤྱི་དང་བཞུགས་སྒར་ཁུལ་གྱི་ཚོགས་སྐྱིད་སྡུག་ཁག་ཐུན་མོང་ནས་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་གསུམ་འཁོར་བའི་དུས་དྲན་དང་། མདོ་སྨད་རྔ་པ་ཀིརྟིའི་དགོན་གྱི་རྒྱལ་གཅེས་དཔའ་བོ་གྲྭ་ཕུན་ཚོགས་ལགས་གཙོས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་སྐུ་གཤེགས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་དང་། ད་ལྟ་བཙན་འོག་ཏུ་མནར་གཅོད་མྱོང་བཞིན་ཡོད་པ་རྣམས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་རྒྱ་ཆེ་ཞིག་ཚོགས་ཡོད་པ་དང༌།ཀིརྟི་བྱེས་པ་གྲྭ་ཚང་དང་རྡོ་རྗེ་གླིང་གི་ཀིརྟི་དགོན་པའི་དགེ་འདུན་པ་ཁག་ཅིག་ནས་རྡ་རམ་ས་ལ་ནས་ལྡི་ལིའི་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པར་གསན་རོགས༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎