གསེར་གྱི་གཟེངས་རྟགས་ཕུལ་བའི་རྗེས་དྲན།།
2008.10.20

ཨེ་ཨེཕ་པི།
༄༅༎ཕྱི་ལོ་ཉིས་སྟོང་བདུན་ཟླ་བ་བཅུ་པའི་ཚེས་བཅུ་བདུན་ཉིན་ཨ་རིའི་གྲོས་ཚོགས་ནས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཞི་བའི་གསེར་གྱི་གཟེངས་རྟགས་ཕུལ་ནས་ལོ་གཅིག་འཁོར་བའི་ཉིན་མོར་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་གི་ནང་རྗེས་དྲན་གྱི་སྲུང་བརྩི་ཞུས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས་གནང༌༎