གོམ་བགྲོད་པ་འཛིན་བཟུང་བཀག་ཉར།

བོད་བར་གྱི་གོམ་བགྲོད་པ་ཁག་ཅིག་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་གནས་ཚུལ།

2008.05.28
བོད་བར་གྱི་གོམ་བགྲོད་པས་ལས་འགུལ་སྤེལ་བཞིན་པ།
བོད་མིའི་སྒེར་ལངས་ཆེན་མོའི་ལས་འགུལ།

༄༅༎བཙན་བྱོལ་ནང་གི་གཞུང་འབྲེལ་ཡིན་པའི་ཚོགས་པ་ལྔས་ཐུན་མོང་ཐོག་གོ་སྒྲིག་བྱས་པའི་རྒྱ་གར་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་གྱི་ཞི་འི་གོམ་བགྲོད་པ་རྣམས་རྒྱ་གར་དང་བོད་ཀྱི་ས་མཚམས་ཁུལ་དུ་འབྱོར་སྐབས་ལས་འགུལ་འགོ་ཁྲིད་པའི་འགོ་འཁྲིད་པ་ཁག་ཅིག་འཛིན་བཟུང་བཀག་ཉར་བྱས་ཡོད་པདང་གོམ་བགྲོད་ལས་འགུལ་གྱི་སྣུམ་འཁོར་ཞིག་ཀྱང་འཛིན་བཟུང་བྱས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྡ་རམ་ས་ལའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་ལས་འགུལ་གྱི་འབྲེལ་ཡོད་མི་སྣར་ཞལ་པར་བརྒྱུད་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང༌༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎