སྦེར་ལིན་ནང་འཛམ་གླིང་ཞི་བདེའི་དུས་སྟོན།
2011.08.29

འཛམ་གླིང་ཞི་བདེའི་དུས་སྟོན།
༄༅༎ཕྱི་ཟླ་༨ཚེས་༢༦དང་༢༧ཉིན་གྲངས་གཉིས་རིང་འཇར་མེ་ནིའི་རྒྱལ་ས་སྦེར་ལིན་ནང་འཛམ་གླིང་ཞི་བདེའི་དུས་སྟོན་གྱི་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཡོད་པ་དང༌།བཀའ་བློན་ཁྲི་ཟུར་བཀྲས་མཐོན་བསྟན་འཛིན་རྣམ་རྒྱལ་མཆོག་ནས་༸གོང་ས་མཆོག་གི་ཐེབས་རྩའི་སྐུ་ཚབ་ཚུལ་དུ་དུས་སྟོན་ནང་མཉམ་ཞུགས་གནང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡོ་རོབ་ས་ཁུལ་གྱི་གསར་འགོད་པ་ཚེ་དབང་ནོར་བུ་ལགས་ཀྱིས་གནས་ཚུལ་མཁོ་སྒྲུབ་གནང་བ་ཞིག་གསན་རོགས༎