རྒྱལ་དབང་ཀརྨ་པ།
2008.05.19

ཨེ་ཨེཕ་པི།
༄༅༎རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱལ་འཕྲིན་ལས་རྡོ་རྗེ་མཆོག་བཙན་བྱོལ་དུ་ཕེབས་རྗེས་རྒྱ་གར་ནས་ཕྱི་རྒྱལ་དུ་ཆོས་འབྲེལ་མཛད་འཆར་ཆེད་ཐེངས་དང་པོ་ཆིབས་བསྒྱུར་སྐྱོང་བཞིན་ཡོད་པ་དང༌། ཕྱི་ཟླ་ ༥ ཚེས་ ༡༧ རེས་བཟའ་སྤེན་པའི་ཉིན་ཨ་མེ་རི་ཀའི་གྲོང་ཁྱེར་ནིའུ་ཡོར྄ཀ་ནང་དད་ལྡན་ཆོས་ཞུ་བར་བཀའ་ཆོས་དང༌། ནིའུ་ཡོར྄ཀ་དང་ནིའུ་ཇར་སི་ས་གནས་བོད་མི་ཉིས་སྟོང་བརྒལ་བར་རྟ་མགྲིན་གྱི་དབང་དང་བླང་དོར་གྱི་བཀའ་སློབ་བསྩལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ནིའུ་ཡོར྄ཀ་གསར་འགོད་པ་ངག་ཆོས་ལགས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས་གནང༌༎