དབུ་མའི་ལམ་ལ་འགྱུར་བ་མེད་པ།
2011.04.11

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། འཇིགས་མེད་སྙན་གྲགས།
༄༅༎ཕྱི་ཟླ་༤ཚེས་༡༠རེས་གཟའ་ཉི་མའི་ཉིན་རྡ་རམ་ས་ལའི་ཉིན་སློབ་ཚོགས་ཁང་ནང་དུ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་མང་གིས་གདམས་པའི་བཀའ་བློན་ཁྲི་པ་དང༌སྤྱི་འཐུས་ལ་རྩིས་སྤྲོད་གནང་རྒྱུའི་ཐུགས་ཐག་བཅད་གནང་ཡོད་ཀྱང༌།བཙན་བྱོལ་བོད་གཞུང་གི་དབུ་མའི་ལམ་གྱི་སྲིད་ཇུས་ལ་འགྱུར་བ་གང་མི་འགྲོ་རྒྱུའི་སྐོར་བཀའ་སློབ་སྩལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎