རྒྱ་གར་བོད་དོན་རྒྱབ་སྐྱོར་བ།
2009.07.02

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།
![]() |
གསར་འགྱུར་ལ་གསན་རོགས་གནོངས། |
༄༅༎ཕྱི་ཟླ་བདུན་པའི་ཚེས་གཉིས་རེས་གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་དང་ལོ་མང་རིང་ལྷག་བསམ་རྣམ་དག་ངང་བོད་དོན་རྒྱབ་སྐྱོར་བ་ཇོརྗ་ཕར་ནན་ཌེས྄་གཙོས་རྒྱ་གར་གྱི་སམཱཇ་ཝ་དིའམ་སྤྱི་ཚོགས་ཚོགས་པའི་ཚོགས་མི་ཁག་ཅིག་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་སུ་ཕེབས་༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པའི་ལྷན་མཇལ་མོལ་གནང་བ་དང་མི་མང་ལ་དམིགས་བསལ་བཀའ་སློབ་བསྩལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎