པཎ་ཆན་རིན་པོ་ཆེ་གང་དུ་ཡོད་དམ།
2011.04.25

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། འཇིགས་མེད་སྙན་གྲགས།
༄༅༎ཕྱི་ཟླ་༤ཚེས་༢༥རེས་གཟའ་ཟླ་བའི་ཉིན་བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་བོད་མིའི་སྤྱི་འཐུས་ལྷན་ཚོགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་གོ་སྒྲིག་འོག་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༢༢ལ་ཕེབས་འི་སྐུའི་འཁྲུངས་སྐར་ཉིན་མོར་སྲུང་བརྩི་ཞུས་པ་དང་།པཎ་ཆེན་མཆོག་སྤྲུལ་གང་དུ་ཡོད་མེད་རྒྱ་ནག་གཞུང་ནས་གསལ་བསྒྲགས་བྱེད་དགོས་པའི་རེ་སྐུལ་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་གནང་བར་གསན་རོགས༎