༸གོང་ས་མཆོག་གི་སྤི་ཏི་ཁུལ་གྱི་མཛད་འཕྲིན།

རྒྱ་གར་ཧི་མ་ཅལ་ལ་ཧུལ་སྤི་ཏི་ཁུལ་གྱི་ཆོས་འབྲེལ་མཛད་འཆར་ལེགས་པར་གྲུབ་རྗེས་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་གནང་མཛད།

2009.07.16
༸གོང་ས་མཆོག་གི་སྤི་ཏི་ཁུལ་གྱི་ཆོས་འབྲེལ་མཛད་འཕྲིན། རྒྱ་གར་ཧི་མ་ཅལ་ལ་ཧུལ་སྤི་ཏི་ཁུལ་གྱི་ཆོས་འབྲེལ་མཛད་འཆར་ལེགས་གྲུབ།
༸གོང་ས་མཆོག་གི་སྐུ་སྒེར་ཡིག་ཚང༌།

༄༅༎ཕྱི་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ལ་ཧུལ་སྤི་ཏི་ཆིབས་བསྒྱུར་གྱིས་ཆོས་འབྲེལ་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་དེ་རིང་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་སྐབས་ས་གནས་བོད་མི་རྣམས་ནས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་ཅིང༌།རིང་མིན་ཡོ་རོབ་དང་།ལ་དྭགས།ཨ་མེ་རི་ཀ་སོགས་ཀྱི་ནང་ཆིབས་བསྒྱུར་གྱི་མཛད་འཆར་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎