༸གོང་ས་མཆོག་དང་བེལ་ཇམ་སྲིད་བློན་མཇལ་བ།
2008.12.03

ཨེ་ཨེཕ་པི།
༄༅༎བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་མི་མང་ལ་བཀའ་སློབ་དང་གསར་འགོད་ལྷན་ཚོགས་གནང་སྐབས་བོད་དོན་འཐབ་རྩོད་དང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཆེད་ཀྱི་འཐབ་རྩོད་ནི་བོད་དང་བོད་མི་ཙམ་མ་ཡིན་པར་ཁྱིམ་མཚེས་རྒྱལ་ཁབ་མང་པོའི་ནང་མི་རིགས་མང་པོའི་ཁེ་ཕན་ཆེད་ཡིན་སྐོར་བཀའ་སློབ་བསྩལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས་གནང༌༎