༸གོང་ས་མཆོག་ཨོ་རི་སར་ཆིབས་བསྒྱུར་བསྐྱང་རྒྱུ།
2010.01.10

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། དོན་གྲུབ་རྡོ་རྗེ།
༄༅༎ཕྱི་ཟླ་དང་པོའི་ཚེས་བཅུ་རེས་གཟའ་ཉི་མའི་ཉིན་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་གྱི་ཆོས་འབྲེལ་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་དེ་རིང་གྲོང་ཁྱེར་ཀ་ལི་ཀ་ཏ་བརྒྱུད་ཨོ་རི་ས་བོད་མིའི་གཞིས་ཆགས་སུ་ཆིབས་ཞལ་གྱུར་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎