བོད་ཀྱི་རྒྱལ་རབས་དང་རིག་གཞུང།
2009.11.22

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། འཕགས་པ་ཐར།
༄༅༎ཕྱི་ཟླ་བཅུ་གཅིག་ཚེས་བཅོ་བརྒྱད་ནས་ཚེས་ཉི་ཤུ་གཅིག་བར་ཉིན་གྲངས་གསུམ་གྱི་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ལྡི་ལི་མཐོ་སློབ་དང་ཝ་ཎ་བོད་ཀྱི་མཐོ་སློབ་གཉིས་ནས་བོད་ཀྱི་རྒྱལ་རབས་དང་རིག་གཞུང་ཞིབ་འཇུག་གི་ལྷན་ཚོགས་ཤིག་གནང་ཡོད་པ་དང༌།ཚོགས་མགོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་པའི་ན་གཞོན་ཚོར་དམིགས་བསལ་བཀའ་སློབ་བཀའ་དྲིན་ཆེ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྐལ་བཟང་གཡུ་རྒྱལ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎