ལིའུ་ཞ་པའོ་གློད་འགྲོལ་དགོས་པའི་འབོད་སྐུལ།
2010.10.09

ཨེ་ཨེཕ་པི།
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ལོ་ཉིས་སྟོང་བཅུ་ཟླ་བཅུ་པའི་ཚེས་བརྒྱད་རེས་གཟའ་པ་སངས་ཀྱི་ཉིན། ནོ་བེལ་གཟེངས་རྟགས་ཚོགས་ཆུང་གིས། ཕྱི་ལོ་ཉིས་སྟོང་བཅུ་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་བཞིན། རྒྱ་ནག་གི་བཙོན་ཁང་དུ་ཡོད་པའི་རྩོམ་བྲིས་པ་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ལིའུ་ཞ་པའོ་ལ་གནང་རྒྱུའི་ཐག་གཅོད་གསལ་བསྒྲགས་གནང་བའི་རྗེས། ཨ་རིའི་སྲིད་འཛིན་ལྦ་རག་ཨོ་སྦ་མ་མཆོག་གིས། ལིའུ་ཞ་པའོ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་དགའ་བསུ་ཞུས་གནང་བ་དང་འབྲེལ། རྒྱ་ནག་གཞུང་གིས་ལིའུ་ཞ་པའོ་གློད་འགྲོལ་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་ཡོད་པའི་སྐོར། འཆི་མེད་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས༎