བོད་མིའི་འོས་སྒམ་བཙན་འཕྲོག
2010.10.06

Photo: RFA
༄༅༎ཕྱི་ཟླ་བཅུ་པའི་ཚེས་གསུམ་རེས་གཟའ་ཉི་མའི་ཉིན་བཙན་བྱོལ་བོད་མི་རྣམས་ནས་བཀའ་བློན་ཁྲི་པ་དང་བོད་མི་དམངས་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་སྐབས་བལ་ཡུལ་ནང་ས་གནས་ཉེན་རྟོགས་པས་བོད་མིའི་འོས་སྒམ་གཞུང་བཞེས་བྱས་པའི་གནས་ཚུལ་ཐོན་པར་༸གོང་ས་མཆོག་གི་ཨ་རིའི་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་མཆོག་ནས་ཨ་རིའི་བལ་ཡུལ་སྐུ་ཚབ་མཆོག་དང་མཇལ་འཕྲད་སྐབས་ཞུ་གཏུགས་གནང་བའི་སྐོར་གསར་འགོད་ལྷན་ཚོགས་ཤིག་གནང་བའི་སྐོར་རིག་འཛིན་ཆོས་སྒྲོན་ལགས་ནས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པར་གསན་རོགས༎