དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་གྲུབ་པ།

གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་མཆོག་ནས་དཔལ་དུས་ཀྱི་འཁོེར་ལོའི་དབང་ཆེན་སྩལ་གྲུབ་པའི་གནས་ཚུལ།

2012.01.10
གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་མཆོག་ནས་དཔལ་དུས་ཀྱི་འཁོེར་ལོའི་དབང་ཆེན་སྩལ་གྲུབ་པའི་གནས་ཚུལ།
བསོད་ནམས་དབང་འདུས།

༄༅༎ཕྱི་ཟླ་དང་པོའི་ཚེས་༡༠ རེས་གཟའ་མིག་དམར་གྱི་ཉིན་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཞུ་བ་ཚོར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གནང་གྲུབ་པའི་རྗེས། བཀའ་སློབ་དང༌། བརྟན་ཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
དེ་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང༌།
དེ་རིང་སྔ་དྲོ་ཕྱག་ཚོད་དགུ་པའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚེ་དབང་སྕལ་གྲུབ་པའི་རྗེས་བཀའ་སློབ་ཕེབས་དོན་ལ། ད་རེས་གནས་རྩ་ཆེན་པོ་འདིར་སྔོན་འགྲོའི་གསུང་ཆོས་ཁག་དང་དུས་འཁོར་བཀའ་དབང། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཅས་ཡོངས་སུ་གྲུབ་ཏེ་དགེ་བ་ཕུན་གསུམ་ཚོགས་པོ་བྱུང་ཡོད་པ་རེད། ད་རེས་འདིར་མི་ཚོགས་ཆེན་པོ་འདི་འདྲ་འཛོམས་པ་ལྟར་ནད་མནར་འགའ་ཤས་འདས་གྲོངས་སུ་ཕྱིན་པ་མ་གཏོགས་འཁྲུགས་རྩོད་ཆེན་པོ་དེ་འདྲ་བྱུང་མེད་པར་སྤྱི་ཡོངས་ནས་ཧ་ཅང་གི་ཡག་པོ་བྱུང་བ་དང༌། དུས་འཁོར་བཀའ་དབང་གི་ཁས་ལེན་དམ་བཅའ་འདོན་པ་འདོན་རྒྱུ་དེ་ཁོ་ན་མ་ཡིན་པར་གཙོ་བོ་སྟོང་ཉིད་དང་བྱང་ཆུབ་སེམས་ཉམས་ལེན་བྱ་རྒྱུ་དེ་རེད། སྟོང་ཉིད་དང་བྱང་ཆུབ་སེམས་ཀྱི་ཉམས་ལེན་ཇི་ཙམ་བྱས་པ་དེའི་ཚོད་ཀྱིས་ཁ་འདོན་དགེ་སྦྱོར་བྱ་རྒྱུར་ནུས་པ་ལྡན་པ་ཞིག་ཡོང་གི་ཡོད། ཚང་མས་བཀའ་ཆོས་ཞུ་པ་དེ་དག་མ་བརྗེད་པར་ཧུར་ཐག་བྱེད་དགོས། ངོས་རང་ཡང་སྐལ་པ་བཟང་པོ་བྱུང་ཞིང༌། ང་ཚོ་ཚང་མ་དུས་གཅིག་ལ་གནས་ཁྱད་པར་ཅན་འདི་ལྟ་བུར་འཛོམས་ཏེ་བྱང་ཆུབ་སེམས་དང་སྟོང་ཉིད་སྒོམ་ཉམས་ལེན་བྱེད་དུས་ཏན་ཏན་ནུས་པ་ཞིག་ཐོན་གྱི་རེད། ལྷ་མི་ཀུན་སྤྱོད་གཅིག་པ་ཡིན་པར་བརྟེན་ནས། བོད་ནས་ཆོས་ཞུ་བ་མང་པོ་ཕེབས་ཡོད་པ་བཞིན་བོད་ཀྱི་བརྟན་མ་བཅུ་གཉིས་ཀྱང་ཏན་ཏན་ཕེབས་ཀྱི་རེད། ང་ཚོ་ཚང་མས་འདིར་དགེ་བ་ཆེན་པོ་བསྒྲུབ་རྒྱུའི་སྐལ་བ་བཟང་པོ་བྱུང་ཡོད་པར་བརྟེན་དེ་དག་ཆུས་ཟོད་དུ་མི་འགྲོ་བར་ཧུར་ཐག་བྱེད་པའི་བཀའ་སློབ་ཕེབས་ཡོད་པ་རེད།དེ་ནས་ཚོུད་༡༠ པའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁམས་གསུམ་སྐྱེ་འགྲོ་སྤྱི་དང་ཁྱད་པར་གངས་ལྗོངས་བསྟན་འགྲོའི་མགོན་དཔུང་དུ་སྐུ་ཚེ་ཞབས་པར་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་འགྲུབ་དང་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་གོང་མཐོར་འཕེལ་སླད་ཆོས་བརྒྱུད་རེས་མེད་ཀྱི་ཚེ་དཔགས་མེད་འཆི་མེད་ལྷའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎