འགྲོ་བ་མིའི་ཐོབ་ཐང་གཟེངས་རྟཌ།
2010.05.31

༄༅༎ཨི་ཀྲ་ལིའི་གཞུང་འབྲེལ་མ་ཡིན་པའི་ཚོཌ་པ་ཞིག་གིས་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་ཕྱི་ལོ་༢༠༡༠་ལོའི་འགྲོ་བ་མིའི་ཐོབ་ཐང་གི་དཔའ་བོའི་གཟེངས་རྟགས་ཕུལ་ནས་ཆེ་བསྟོད་ཆེན་པོ་ཞུས་འདུག་ སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པད་མ་མཆོག་གིས་འདས་པའི་མི་ལོ་༤༢་རིང་བོད་ཕྲུག་ཁྱིམ་སྡེའི་དབུ་འཛིན་གྱི་ཐུཌ་འཁུར་ཆེ་བཞེས་གནང་སྟེ་བོད་པའི་སློབ་ཕྲུག་ཁྲི་ཚོ་མང་པོར་ཟས་གོས་གནས་མལ་དང་སློབ་སྦྱོང་སོཌ་ཆ་རྐྱེན་གང་ལེཌ་མཁོ་སྒྲུབ་གནང་སྟེ་རང་གི་བུ་ཕྲུག་ལས་ལྷག་པའི་བྱམས་བརྩེ་དང་གསོ་སྐྱོང་གནང་བའི་མཛད་རྗེས་བཟང་པོར་རྗེས་སུ་ཡིད་རངས་ཞུ་ཕྱིར་ཨི་ཀྲ་ལིའི་འགྲོ་བ་མིའི་ཐོབ་ཐང་དང་བཟོད་སྲན་ཚོཌ་པ་ཞེས་པས་འདི་ཟླའི་ཚེས་༢༧ཉིན་གྲོང་ཁྱེར་Milan ནང་གི་Grand Hotel Villa Torreta ཞེས་པའི་མགྲོན་ཁང་ཆེན་མོའི་ནང་མཛད་སྒོ་ཞིག་གོ་སྒྲིཌ་གནང་སྟེ་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པད་མ་མཆོག་ལ་The Human Rights Hero Award 2010 ནམ་ཕྱི་ལོ་༢༠༡༠་ལོའི་འགྲོ་བ་མིའི་ཐོབ་ཐང་གི་དཔའ་བོའི་གཟེངས་རྟགས་འབུལ་བཞེས་ཞུས་ནས་ཆེ་བསྟོད་ཆེན་པོ་ཞུས་འདུག་ གཟེངས་རྟགས་དེ་བཞིན་གོང་ཞུས་ཚོཌ་པ་དེའི་ཚོཌ་གཙོ་ལྕམ་Fiorella མཆོག་གིས་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པད་མ་མཆོག་ལ་འབུལ་ལམ་ཞུ་སྐབས་ལྷ་སྐུ་མཆོག་ནི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་གཏིང་ཟབ་ཞུ་མཁན་རྒྱལ་སྤྱིར་མིག་དཔེ་ཧ་ལས་པའི་བཟང་པོ་ཞིག་ཡིན་སྟབས་ད་རེས་ལྷ་སྐུ་མཆོག་ཁོང་རྣམས་ཀྱི་ཁྲོད་མཛད་སྒོར་ཕེབས་པར་དགའ་སྤོབས་བྱུང་སྐོར་སོཌ་བསྡཌ་བརྗོད་ཆེན་པོ་ཞུས་ཏེ་གྲོང་ཁྱེར་Milan གྲོང་སྡེའི་སྤྱི་ཁྱབ་Manfredi Palmeri དབུས་པའི་ཆེས་མཐོའི་མི་སྣ་ཆེད་ཕེབས་གནང་བའི་ཐོག་འབུལ་བཞེས་ཞུས་འདུག སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པད་མ་མཆོག་གིས་ཁོང་ལ་གཟེངས་རྟགས་གནང་བ་དེ་ནི་སྤྱིར་འགྲོ་བ་མིའི་རིགས་ཡོངས་དང་ལྷག་དོན་དུ་བཙན་བྱོལ་ནང་གནས་པའི་བོད་མི་རྣམས་ལ་བློ་སྟོབས་འཕེལ་གཞི་ཞིག་ཡིན་པ་དང་བོད་ནང་ཡོད་པའི་ང་ཚོའི་སྙིང་སྟོབས་ཆེ་བའི་བོད་རིགས་སྤུན་ཟླ་རྣམས་དཀའ་སྡུག་ཆེན་པོའི་འོག་གནས་ཡོད་པས་་གཟེངས་རྟགས་དེ་བཞིན་ཁོང་རྣམས་ཀྱི་མཚན་ཐོག་དང་ཁོང་རྣམས་ལ་ཆེ་བསྟོད་ཞུ་རྒྱུའི་སླདུ་གཟེངས་རྟགས་དེ་གུས་པ་ཆེན་པོས་ངོས་ལེན་ཞུ་རྒྱུ་ཡིན་སྐོར་གསུངས་ནས་དགྱེས་བཞེས་གནང་འདུག་ ཡང་ཕྱི་ལོ་༢༠༠༦་ལོར་Sweden ཡིས་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པད་མ་མཆོག་ལ་World’s Children’s Prize for the Rights of the Child འམ་འཛམ་གླིང་བྱིས་པའི་གཟེངས་རྟགས་ཞེས་པ་འབུལ་བཞེས་ཞུས་འདུག་ ལྷ་སྐུ་རྗེ་བཙན་པད་མ་མཆོག་ལ་གོང་ཞུས་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་ཨི་ཀྲ་ལིའི་Milan གྲོང་ཁྱེར་ནང་གནས་བཞུཌ་བོད་མི་རྣམས་ཀྱིས་བོད་ཀྱི་གཞས་སྣ་ཁྲབ་སྟོན་ཞུས་འདུག།