དྲུག་བཞིའི་ཉིན་རྐྱེན་འདས་ཕྱིན་པ་རྣམས་ལ་རྗེས་དྲན།
2009.06.05

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཡེ་ཤེས་བཀྲ་ཤིས།
༄༅༎ཕྱི་ལོ་༡༩༨༩ཟླ་བ་༦ཚེས་༤ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་སྟེང་རྒྱ་ནག་གི་སློབ་ཕྲུག་གི་སྣེ་འཁྲིད་པའི་དམངས་གཙོའི་ལས་འགུལ་སྤེལ་སྐབས་རྒྱ་ནག་གཞུང་གིས་དྲག་ཆས་དམག་མི་བཏང་ནས་ངོ་རྒོལ་བ་སྟོང་ཕྲག་མང་པོ་དམར་གསོད་བཏང་བ་དང་སྟོང་ཕྲག་མང་པོར་རྨས་སྐྱོན་དང་བཙོན་འཇུག་བྱས་པ་རྣམས་ལ་རྗེས་དྲན་ཞུ་བའི་ཆེད་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ནང་གྲོས་ཚོགས་ཀྱི་མདུན་ཐང་ཐོག་ལས་འགུལ་སྤེལ་མཁན་ཁག་ཅིག་དང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་གཙོས་ཚོགས་མི་ཁག་ཅིག་དེ་བཞིན་བོད་པའི་སྐུ་ཚབ་ནས་༸གོང་ས་མཆོག་གི་དམིགས་བསལ་གསུང་སྒྲོག་སྦྱང་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྒྲོལ་དཀར་ལགས་ནས་ངོ་སྤྲོད་གནང་བར་གསན་རོགས༎