བྱང་ཨ་རིའི་བོད་མིས་༸གོང་ས་མཆོག་ལ་བརྟན་བཞུགས་ཕུལ་བ།
2008.07.24

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། ཡེ་ཤེས་བཀྲ་ཤིས།
༄༅༎ཕྱི་ཟླ་བདུན་པའི་ཚེས་ཉེར་བཞི་རེས་གཟའ་ཕུར་བུའི་ཉིན་བྱང་ཨ་མེ་རི་ཀའི་བོད་མི་ནས་མེ་ཌི་སན་གྲོང་ཁྱེར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་འབྲེལ་མཛད་སྒོ་ཁག་ལེགས་པར་གྲུབ་པ་དང་མཛད་སྒོའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཆེ་གཉེར་གསར་འགོད་པ་ཚེ་བརྟན་སྒྲོལ་དཀར་ལགས་ནས་འགྲེལ་བརྗོད་གནང་བའི་ཞིབ་ཕྲའི་གནས་ཚུལ་གསན་རོགས་ཞུ༎