0:00 / 0:00
༄༅༎ཕྱི་ལོ་ཉིས་སྟོང་བཅུ་ཟླ་དགུ་པའི་ཚེས་བཅུ་བདུན་གྱི་ཉིན།བཞུགས་སྒར་དུ་བཀའ་བློན་ཁྲི་པའི་འོས་འདེམས་དང་འབྲེལ་བའི་དྲ་རྒྱ་གསར་པ་ཞིག་དབུ་འབྱེད་གནང་ཡོད་པ་དང༌།དེ་ནི་༢༠༡༡་ལོའི་བཀའ་བློན་ཁྲི་པའི་འོས་མིའི་གྲས་ནས་བཀའ་བློན་ཁྲི་ཟར་བསྟན་འཛིན་རྣམ་རྒྱལ་མཆོག་ལ་རྒྱབ་སྐྱོར་གནང་མཁན་རྒྱ་གར་དང་བལ་ཡུལ་ཨ་རིའི་སན་ཕ་རེན་སིས྄་ཀོ་བཅས་ནས་བོད་རིགས་ན་གཞོན་ཁག་ཅིག་གིས་དང་བླངས་ཐོག་ནས་གསར་བཙུགས་གནང་བ་ཞིག་ཡིན་པའི་སྐོར།འདི་གའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎