0:00 / 0:00
༄༅༎དེ་རིང་གི་གཏམ་གླེང་ཞལ་པར་གྱི་ལེ་ཚན་ནང་ཉིས་སྟོང་བཅུ་གཅིག་ལོར་སྐབས་གསུམ་པའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་དང༌།སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་འོས་བསྡུའི་སྐོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་དང༌།ཀོ་ལེ་གལ་གཞིས་ཆགས་ཀྱི་ས་གནས་གཞོན་ནུའི་ཚོགས་གཙོ་གཅུང་ཚེ་རིང་ལགས།སྦེལ་ཀོབ་གཞིས་ཆགས་ཀྱི་གཉའ་ཁྲི་བོད་ཀྱི་དཔེ་མཛོད་ཀྱི་འགན་འཛིན་སྐུ་ཞབས་ངག་དབང་བསྟན་འཛིན་ལགས་བཅས་ཀྱི་ལྷན་དུ་བློ་བཟང་ཡེ་ཤེས་ལགས་ནས་གླེང་མོལ་ཞུས་པར་གསན་རོགས༎